ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་འཕེལ་རིམ་མངོན་གསལ་དོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ཚུན་དུ། ལྷ་ས་གྲོང་ཁྱེར་གྱིས་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ཡག་པོ་སྒྲུབ་དགོས་པའི་སྐོར་གྱི་རང་སྐྱོང་ལྗོངས་དང་གྲོང་ཁྱེར་ཏང་ཨུད་དང་སྲིད་གཞུང་གི་མཆན་བཀོད་མཛུབ་སྟོན་གལ་ཆེན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་གཏིང་ཟབ་བྱས་ནས་ལས་ཞུགས་ཀྱི་ལྟ་སྟངས་ལེགས་སུ་གཏོང་བ་དང་། ལས་ཞུགས་ལས་སྟེགས་བསྐྲུན་པ། ལས་ཞུགས་ཀྱི་གྲུབ་ཆ་ལེགས་སུ་གཏོང་བ། ལས་ཞུགས་ཀྱི་སྤུས་ཚད་མཐོ་རུ་གཏོང་བ་བཅས་བྱས་ཏེ་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་དང་ལས་གཏོད་ལས་དོན་གྱི་འཕེལ་རིམ་བདེ་བླག་བྱུང་ཡོད། 2018ལོར། གྲོང་ཁྱེར་ཡོངས་ཀྱི་ལོ་འདི་གའི་མཐོ་སློབ་སློབ་ཐོན་སློབ་མ4676ཡི་ཁྲོད་ནས་སློབ་མ3761ལས་ཞུགས་ཐུབ་པ་དང་། ལས་ཞུགས་ཐུབ་ཚད80.43%ཟིན་ཡོད་པ་རེད།

མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཀྱི་ལས་དོན་ནུས་ཤུགས་ཡོད་རྒུས་ཡག་པོ་སྒྲུབ་ཆེད། འདི་ལོའི་ལོ་སྟོད་དུ། ལྷ་ས་གྲོང་ཁྱེར་གྱིས《2018ལོ་འཁོར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་སྐུལ་འདེད་གཏོང་རྒྱུའི་སྐོར་གྱི་ལྷ་ས་གྲོང་ཁྱེར་གྱི་ལག་བསྟར་ཇུས་གཞི》དང་། 《མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་བཅར་འདྲིའི་ལས་དོན་ཡག་པོ་བསྒྲུབ་རྒྱུའི་སྐོར་གྱི་བརྡ་ཐོ》 《ལྷ་ས་གྲོང་ཁྱེར་གྱི“གཉིས་གཏོད”དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་གྱི་ལས་འགན་གསལ་བཤད་ཀྱི་ཇུས་གཞི》སོགས་ཀྱི་སྲིད་ཇུས་བཏོན་ནས། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ལས་དོན་ལ་ཕྱོགས་ཡོངས་ནས་བཀོད་སྒྲིག་བྱས་པ་རེད།

ལྷ་ས་གྲོང་ཁྱེར་གྱིས་ད་དུང་ལས་ཞུགས་ལས་གཏོད་ཀྱི་ལས་སྟེགས་སྣ་ཚོགས་ཧུར་ཐག་བསྐྲུན་པ་དང་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཀྱི་རྨང་གཞིའི་ཆ་རྐྱེན་རྒྱུན་ཆད་མེད་པར་འཐུས་སྒོ་ཚང་དུ་བཏང་སྟེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཆེད་ཕྱོགས་ཡོངས་ཀྱི་ཞབས་ཞུ་མཁོ་འདོན་བྱས་པ་རེད། མཐོ་སློབ་སློབ་ཐོན་སློབ་མས་རང་བརྟེན་ལས་གཏོད་བྱ་རྒྱུར་སྔར་བས་སྐུལ་འདེད་གཏོང་ཆེད། འདི་ལོ་ལྷ་ས་གྲོང་ཁྱེར་གྱིས་ད་དུང་ཆེད་མངགས་མ་དངུལ་སྒོར་དུང་ཕྱུར1.12བཏང་ནས་ལྷ་ས་གྲོང་ཁྱེར་གྱི་མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་ཁག་ཐེག་ཐེབས་རྩ་སོགས་ཐེབས་རྩ་ལྷན་ཚོགས4བཙུགས་ཏེ། མཐོ་སློབ་སློབ་ཐོན་སློབ་མའི་ལས་གཏོད་མ་དངུལ་བསྡུ་སྒྲིལ་གྱི་ཐབས་ལམ་ཡངས་སུ་བཏང་བ་དང་། མིག་སྔར་མཐོ་སློབ་སློབ་ཐོན་སློབ་མ40ལ་ཁག་ཐེག་དངུལ་བུན་བཏང་ཡོད་པ་རེད།

སྔ་ལོ་དང་བསྡུར་ན། འདི་ལོ་གྲོང་ཁྱེར་ཡོངས་ཀྱི་མཐོ་སློབ་སློབ་ཐོན་སློབ་མ་གདན་ཞུའི་གཞི་ཁྱོན་སྔར་ན་མེད་པ་ཞིག་ཡོད་ཅིང་། མིག་སྔའི་བར། གྲོང་ཁྱེར་ཡོངས་ཀྱིས་གདན་ཞུའི་བྱེད་སྒོ་སྣ་ཚོགས་ཐེངས46སྤེལ་བ་དང་། ཁེ་ལས1950ཀྱིས་རིམ་རྩིས་བྱས་ན་ལས་ཞུགས་ལས་གནས54914མཁོ་འདོན་བྱས་པ་དང་། དེའི་ནང་མཐོ་སློབ་སློབ་ཐོན་སློབ་མར་ལས་ཞུགས་ལས་གནས45835མཁོ་འདོན་བྱས་ཡོད་པ་དང་། ལྷ་ས་གྲོང་ཁྱེར་གྱི་ཁོངས་སུ་གཏོགས་པའི་གཞུང་ཁུངས་ཁེ་ལས་ཀྱིས་མི3222བསྡུས་པ་དང་དེའི་ཁྲོད་ཐེམ་ཁོངས་བོད་ནས་ཡིན་པའི་མཐོ་སློབ་སློབ་ཐོན་སློབ་མ417ཡོད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།