མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་སློབ་མའི་མཛེས་རྩལ་འཆར་འགོད་བརྩམས་ཆོས་ལྷ་སར་འགྲེམས་སྟོན་བྱས།

W020181215419773749722.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པ་དང་བོད་ལྗོངས་སློབ་ཆེན་དཔེ་མཛོད་ཁང་།  བོད་རང་སྐྱོང་ལྗོངས་ཀྱི་དམངས་ཡོངས་ལྟ་ཀློག་རྟེན་གཞི་བཅས་ནས་མཉམ་གཉེར་བྱས་པའི་ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་སློབ་མའི་མཛེས་རྩལ་འཆར་འགོད་བརྩམས་ཆོས་འགྲེམས་སྟོན་སྐབས་གཉིས་པ་བོད་ལྗོངས་སློབ་ཆེན་རྔ་ཆེན་སློབ་ཁུལ་དུ་འགྲེམས་སྟོན་བྱས་པ་རེད།

W020181215419773899017.jpg

ལྷ་ས་གྲོང་ཁྱེར་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི2016ལོའི་མཛེས་རྩལ་འཆར་འགོད་འཛིན་གྲྭའི་སློབ་མ38ཀྱིས།  དེང་རབས་ཀྱི་གློག་རྡུལ་སྨྱན་སྦྱོར་དང་བོད་ཀྱི་སྲོལ་རྒྱུན་རིག་གནས་ཀྱི་ནང་དོན་ཟུང་འབྲེལ་བྱས་ནས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་བརྩམས་ཆོས80གསར་རྩོམ་བྱས་པའི་ནང་དོན་ཕུན་སུམ་ཚོགས་པོ་ཡོད་པ་དང་།  སློབ་མ་ཚོས་བསྒྱུར་བཅོས་སྒོ་དབྱེ་བྱས་ནས་ལོ་ངོ40རིང་བོད་གསར་པར་བཅངས་པའི་བརྩེ་དུང་ཟབ་མོ་མཚོན་པར་བྱས་ཡོད།

W020181215419774018398.jpg

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།