ཝུའུ་དབྱིང་ཅེས་དཀའ་ངལ་ཡོད་པའི་རྒན་ཡོལ་ཞུས་པའི་བཟོ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ལ་འཚམས་འདྲི་གནང་བ།

W020181213356223351871.jpg

འདི་ནི་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་ས་གྲོང་ཁྱེར་ཉི་འོད་མེ་ཏོག་ལྡུམ་རའི་ཁང་གླ་ཁེ་བའི་སྡོད་ཁང་དང་། པེ་ཅིང་དཀྱིལ་ལམ་གྱི་རྒན་ཡོལ་ཞུས་པའི་ལས་བཟོ་བཀོད་སྒྲིག་ཁུལ། བར་སྐོར་སྲང་ལམ་བར་སྐོར་སྡེ་ཁུལ། ཀླུ་སྒུག་སྡེ་ཁུལ་བཅས་སུ་སྔ་རྗེས་སུ་ཕེབས་ཏེ་དཀའ་ངལ་ཡོད་པའི་རྒན་ཡོལ་ཞུས་པའི་བཟོ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ལ་འཚམས་འདྲི་གནང་སྟེ་ཁོང་ཚོར་འཚམས་འདྲིའི་དངོས་པོ་སྤྲད་ནས་ཐུགས་ཁུར་དང་དྲོ་སྐྱིད་མཚོན་པ་གནང་ཞིང་། འདི་ནི་ཝུའུ་དབྱིང་ཅེས་ཐན་ཧའེ་ཚོགས་པའི་རྒན་ཡོལ་ཞུས་པའི་ལས་བཟོ་རྡོ་རྗེའི་ཁྱིམ་དུ་གླེང་མོལ་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒན་ཡོལ་ཞུས་པའི་ལས་བཟོ་རྒན་གྲས་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་གིས་དགུན་དུས་སུ་འཚོ་བ་ཇི་འདྲ་སྐྱེལ་གྱི་ཡོད་དམ། རྒས་དུས་རྟེན་ས་དང་རྒས་དུས་གསོ་མཁན་ཨེ་ཡོད། ཟླ12ཚེས11ཉིན། ལྗོངས་ཡོངས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་འཚོ་བའི་གནས་ཚུལ་ཐུགས་སུ་མངའ་བའི་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཞོགས་པ་སྔ་པོ་ནས་གྲང་ངད་ལ་མི་འཛེམས་པར་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་གཟིགས་སྐྱོང་བསྣམས་ཏེ་བརྩེ་སེམས་ཟབ་མོ་དང་། ལྷག་བསམ་ཟོལ་མེད་ཀྱི་འཚམས་འདྲི། སྨོན་འདུན་བཟང་པོ་བཅས་ཀྱི་ཐོག་ནས། ལྷ་ས་གྲོང་ཁྱེར་ཉི་འོད་མེ་ཏོག་ལྡུམ་རའི་ཁང་གླ་ཁེ་བའི་སྡོད་ཁང་དང་། པེ་ཅིང་དཀྱིལ་ལམ་གྱི་རྒན་ཡོལ་ཞུས་པའི་ལས་བཟོ་བཀོད་སྒྲིག་ཁུལ། བར་སྐོར་སྲང་ལམ་བར་སྐོར་སྡེ་ཁུལ། ཀླུ་སྒུག་སྡེ་ཁུལ་བཅས་སུ་ཕེབས་ཏེ་དཀའ་ངལ་ཡོད་པའི་རྒན་ཡོལ་ཞུས་པའི་བཟོ་པ་དང་གྲོང་ཁྱེར་དང་གྲོང་རྡལ་གྱི་མ་མཐའི་འཚོ་བ་འགན་ལེན་དུད་ཚང་ལ་འཚམས་འདྲི་གནང་སྟེ་ཁོང་ཚོར་འཚམས་འདྲིའི་དངོས་པོ་སྤྲད་ནས་ཐུགས་ཁུར་དང་དྲོ་སྐྱིད་མཚོན་པར་གནང་བ་རེད། 

“ནང་མི་ག་ཚོད་ཡོད། ཕྲུ་གུ་ཚང་མ་སློབ་གྲྭ་འགྲིམས་ཐུབ་སོང་ངམ། རྒན་ཡོལ་ཞུས་རྗེས་ཟླ་རེར་རྒན་གསོའི་དངུལ་ག་ཚོད་འདུག་གམ། འཚོ་བར་དཀའ་ངལ་གང་འདུག”ཅེས་དུད་ཚང་རེར་ཕེབས་རིམ་བཞིན་ཝུའུ་དབྱིང་ཅེས་རྒན་ཡོལ་ཞུས་པའི་བཟོ་པའི་འཚོ་བའི་གནས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་སྟེ། ཁོང་ཚོའི་དངོས་ཡོད་དཀའ་ངལ་དང་གནད་དོན་མཁྱེན་རྟོགས་གནང་བ་མ་ཟད། ལྷན་དུ་ཕེབས་མཁན་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བར་ངེས་པར་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་དགོངས་པ་མཐའ་འཁྱོངས་བྱས་ནས་ལས་འགན་སྒྲུབ་སེམས་དང་འགན་འཁྲི་འཁུར་སེམས་ཆེ་རུ་གཏོང་བ་དང་། དུས་དང་རྣམ་པ་ཀུན་ཏུ་མི་སེར་གྱི་བདེ་སྡུག་སེམས་ལ་འཇོག་པ། མི་དམངས་ལ་ཕན་བདེ་སྐྲུན་པ་སྲིད་དོན་གྱི་བྱས་རྗེས་ཆེ་ཤོས་སུ་བརྩི་བ། མང་ཚོགས་ཀྱིས་བསམ་བློ་གཏོང་སར་བསམ་བློ་གཏོང་བ་དང་མང་ཚོགས་ཀྱིས་སེམས་ཁྲལ་བྱེད་སར་སེམས་ཁྲལ་བྱེད་པ་བཅས་བྱས་ནས་མི་དམངས་ལ་ཕན་བདེ་སྐྲུན་པའི་བྱ་བ་དངོས་འབྲེལ་ཡག་པོ་བསྒྲུབས་ཏེ་མི་དམངས་མང་ཚོགས་ལ་སྒྱུར་བཅོས་དང་འཕེལ་རྒྱས་ཀྱི་གྲུབ་འབྲས་མཉམ་སྤྱོད་བྱེད་དུ་འཇུག་དགོས་པའི་བཀའ་མངགས་ཡང་ཡང་གནང་བ་རེད། 

ལྷ་ས་མའོ་ཡོན་ཁྱིམ་ཆས་མཛེས་བཟོ་ཚད་ཡོད་འགན་འཁྲི་ཀུང་སིའི་ལས་བཟོ་བློ་བཟང་རྒྱ་མཚོ་ནི་1999ལོར་མི་དམངས་ཉེན་རྟོག་པར་འཕྲོག་བཅོམ་ཉེས་ཅན་འཛིན་རོགས་བྱེད་སྐབས་འབར་མདེལ་གྱིས་རྨས་པ་རེད། འཚམས་འདྲིའི་རིང་། ཝུའུ་དབྱིང་ཅེས་ཐོག་མར་བློ་བཟང་རྒྱ་མཚོའི་ཁྱིམ་དུ་ཕེབས་ནས་བྱམས་བརྩེའི་ངང་ཁོང་གི་ཁྱིམ་ཚང་གི་འཚོ་བའི་གནས་ཚུལ་བཀའ་འདྲི་གནང་ཞིང་། ཁོང་གིས་བློ་བཟང་རྒྱ་མཚོར་སྤྲོ་སྣང་ལྡན་པའི་སྒོ་ནས་འཚོ་བ་སྐྱེལ་བ་དང་། ཕྲུ་གུའི་འཚར་ལོངས་ལ་སློབ་གསོ་ཡག་པོ་རྒྱག་པ། མཉམ་དུ་དཀའ་གནད་ལས་སྒྲོལ་བ། སྡེ་ཁུལ་དུ་ནུས་པ་འདོན་པ། བདེན་པའི་རྒྱབ་ལངས་ཀྱི་སྲོལ་བཟང་དར་སྤེལ་གཏོང་བ། རང་ཉིད་ཉེ་འགྲམ་གྱི་འཕེལ་རྒྱས་གསར་པ་དང་། འགྱུར་ལྡོག་གསར་པ། འཚོ་བ་གསར་པ་བཅས་ལ་བརྟེན་ནས་མཐའ་འཁོར་མང་ཚོགས་དང་ལྷག་དོན་དུ་གཞོན་ནུ་ཚོར་ཕན་པ་གང་ནས་བྱུང་བ་དང་། ཆུ་འཐུང་དུས་ཆུ་འགོ་དྲན་པ། བློ་བརྟན་འགྱུར་མེད་ངང་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ། རང་རྟོགས་ངང་ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་མཐའ་འཁྱོངས་དང་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་འགྲོ་ལམ་མཐའ་འཁྱོངས་བྱེད་པ། རང་རྟོགས་ངང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་དང་ཁ་ཕྲལ་ལ་ངོ་རྒོལ་བྱེད་པ་བཅས་ཀྱི་སློབ་གསོ་ཁྲིད་སྟོན་བྱས་ནས་རྒྱལ་ཡོངས་མི་དམངས་དང་མཉམ་དུ་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་པའི་དམིགས་ཚད་མངོན་འགྱུར་བྱེད་ཆེད་ལེགས་སྐྱེས་འབུལ་བ་བཅས་བྱེད་དགོས་པའི་ལྕག་སྐུལ་གནང་བ་རེད། 

ཐན་ཧའེ་ཚོགས་པའི་རྒན་ཡོལ་ཞུས་པའི་ལས་བཟོ་རྡོ་རྗེའི་ཁྱིམ་གྱི་འཚོ་བར་དཀའ་ངལ་ཆེན་པོ་ཡོད། ཝུའུ་དབྱིང་ཅེས་གནས་ཚུལ་དེ་མཁྱེན་རྗེས་འབྲེལ་ཡོད་སྡེ་ཚན་གྱི་འགན་འཁུར་བློ་མཐུན་ལ་རྡོ་རྗེའི་ཁྱིམ་གྱི་དཀའ་ངལ་དངོས་ཐག་གཅོད་བྱེད་དགོས་པའི་བཀའ་མངགས་གནང་བ་རེད། ཝུའུ་དབྱིང་ཅེས་རྡོ་རྗེ་ལ“ཁྱེད་ཚོས་ལོ་བཅུ་ཕྲག་ཁ་ཤས་རིང་རང་ཉིད་ཀྱི་ལས་གནས་ཐོག་སྐད་གྲགས་མེད་པར་ལེགས་སྐྱེས་ཕུལ་ཏེ་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་འབུལ་འོས་པའི་ལེགས་སྐྱེས་ཕུལ་ཡོད། རང་སྐྱོང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་ཁྱེད་ཚོ་གཏན་ནས་བརྗེད་མེད་པར་སྔ་བར་ཕྱི་གསུམ་དུ་ཚང་མའི་འཚོ་བར་ཕྲད་པའི་གནད་དོན་དང་དཀའ་གནད་ཐག་གཅོད་བྱེད་རོགས་བྱེད་བཞིན་ཡོད། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་དང་རྒྱལ་ཡོངས་མི་རིགས་ཁག་གི་མི་དམངས་ཀྱི་སྒེར་སེམས་མེད་པའི་རོགས་སྐྱོར་དང་རྒྱབ་སྐྱོར་ཤུགས་ཆེན་འོག ང་ཚོ་ཚང་མས་མཐུན་སྒྲིལ་རྡོག་རྩ་གཅིག་ཏུ་བསྒྲིལ་ནས་མཉམ་དུ་འབད་འཐབ་བྱས་ཚེ་སླད་ཕྱིན་ཚང་མའི་འཚོ་བ་དེ་བས་བདེ་སྐྱིད་ལྡན་པར་འགྱུར་ངེས་ཡིན་པའི་ཡིད་ཆེས་ཡོད”ཅེས་གསུངས། ཝུའུ་དབྱིང་ཅེའི་བཀའ་སློབ་དག་ཉན་རྗེས་རྡོ་རྗེའི་ནང་མིར་སེམས་འགུལ་ཆེན་པོ་ཐེབས་ནས་རྒན་རྒོན་གཉིས་པོས“སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ལ་ཐུགས་རྗེ་ཆེ་ཞུ། ཏང་དང་སྲིད་གཞུང་ལ་ཐུགས་རྗེ་ཆེ་ཞུ་རྒྱུ་ཡིན”ཞེས་ཡང་ནས་ཡང་དུ་བཤད།

བར་སྐོར་སྡེ་ཁུལ་གྱི་དཀའ་ངལ་ཡོད་པའི་མང་ཚོགས་བསོད་ནམས་ནོར་བུའི་ཁྱིམ་དུ་ལས་ཞུགས་ཉུང་བ་དང་། ཀླུ་སྒུག་སྡེ་ཁུལ་གྱི་གྲོང་མི་བསྟན་འཛོམས་ནད་ཀྱིས་མནར་ནས་ཡུན་རིང་མལ་སར་ལུས་ཡོད་པས་ཁྱིམ་ཚང་དེ་གཉིས་ཀྱི་སྡོད་གནས་ཆ་རྐྱེན་ཧ་ཅང་སྐྱོ་པོ་ཡོད། ཝུའུ་དབྱིང་ཅེས་ཁོང་ཚོའི་སྤྱི་ཚོགས་འགན་སྲུང་གི་སྲིད་ཇུས་དོན་འཁྱོལ་བྱས་ཚུལ་བཀའ་འདྲི་ཞིབ་ཕྲ་གནང་ནས། བསོད་ནམས་ནོར་བུའི་བུ་ཕྲུག་ལ་བསམ་བློར་བཅིངས་འགྲོལ་དང་ལས་ཞུགས་ཀྱི་ལྟ་བར་འགྱུར་བ་བཏང་སྟེ། ལག་རྩལ་སྣེ་གཅིག་བྱང་ཆུབ་པར་བྱས་ནས་རང་ཉིད་ཀྱི་ལག་ཟུང་ལ་བརྟེན་ནས་ཁྱིམ་གྱི་ཁུར་པོ་ཡང་དུ་གཏོང་བ་དང་བདེ་སྐྱིད་འཚོ་བ་གཏོད་དགོས་པའི་ལྕག་སྐུལ་གནང་བ་རེད། འབྲེལ་ཡོད་སྡེ་ཚན་ཁག་གིས་སྡེ་ཁུལ་གྱི་ཁྱིམ་ཚང་སྨན་པ་སོགས་ཀྱི་དམངས་ཕན་སྲིད་ཇུས་དོན་འཁྱོལ་བྱས་ནས་བསྟན་འཛོམས་སོགས་གྲོང་ཁྱེར་དང་གྲོང་རྡལ་གྱི་དཀའ་ངལ་ཡོད་པའི་ཚོགས་སྤྱིའི་ནད་ལྟ་དཀའ་བ་དང་སྨན་རིན་རྩིས་ཞུ་དཀའ་བ་སོགས་ཀྱི་དངོས་ཡོད་གནད་དོན་ཐག་གཅོད་ཡག་པོ་བྱེད་དགོས་པ་དང་། ཁོང་ཚོའི་འཚོ་བའི་ཆ་རྐྱེན་ལེགས་སུ་གཏོང་བ་དང་ལྷ་སའི་གནའ་གྲོང་ངམ་བར་སྐོར་སྲུང་སྐྱོང་སོགས་ཀྱི་ལས་དོན་ཟུང་འབྲེལ་བྱས་ནས་སེམས་ཐག་གཙང་བཅད་དང་ནུས་ཤུགས་ཡོད་རྒུས་ཁོང་ཚོའི་སྡོད་གནས་ཀྱི་ཆ་རྐྱེན་ལེགས་སུ་གཏོང་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

གཟིགས་ཞིབ་གནང་སྐབས། ཝུའུ་དབྱིང་ཅེས་འབྲེལ་ཡོད་སྡེ་ཚན་ཁག་གིས་དམངས་འཚོ་ལེགས་གཏོང་གི་ཕན་འབྲས་དང་དཔེ་མཚོན་དངོས་ཀྱིས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་བྱེད་པ་དང་། ཏང་གི་དམངས་ཕྱུག་དམངས་ཕན་གྱི་སྲིད་ཇུས་ཁག་དྲིལ་བསྒྲགས་རྒྱ་ཁྱབ་བྱེད་པ། རྒྱ་ཆེའི་མང་ཚོགས་ཚོའི་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་གདེང་ཚོད་དང་ཆོད་སེམས་བརྟན་དུ་བཏང་སྟེ་ཀྲུང་དབྱང་གི་ཐུགས་ཁུར་དང་། རྒྱལ་ཡོངས་ཀྱི་རོགས་སྐྱོར། རང་ཁ་རང་གསོ་དང་དཀའ་སྤྱད་འབད་འཐབ་ཀྱི་སྙིང་སྟོབས་བཅས་ཟུང་འབྲེལ་གྱིས་སེམས་ནུས་གཅིག་སྒྲིལ་དང་ནུས་ཤུགས་གཅིག་སྒྲིལ་གྱིས་མཉམ་ཤུགས་ཆེན་པོ་ཞིག་ཆགས་པར་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་སྐུལ་འདེད་ཧུར་ཐག་གཏོང་དགོས་པའི་སློབ་གསོ་ཁྲིད་སྟོན་བྱེད་དགོས་ཞེས་གསུངས། 

ཝུའུ་དབྱིང་ཅེས་སྡེ་ཁུལ་ཁག་གི་ཏང་ཀྲི་པུའུ་ཡིས《ཀྲུང་གོ་གུང་ཁྲན་ཏང་ཀྲི་པུའི་ལས་དོན་སྲོལ་ཡིག(ཚོད་ལྟའི་ལག་བསྟར)》ལག་བསྟར་དོན་འཁྱོལ་ནན་ཏན་བྱས་ཏེ“ཚོགས་འདུ་གསུམ་དང་སློབ་ཚན་གཅིག”གི་ལམ་ལུགས་དོན་འཁྱོལ་དང་། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་པ། འཕེལ་རྒྱས་གཏོང་མཁས་པ། ཕྱུག་པོ་ཆགས་ཐུབ་པ། བརྟན་ལྷིང་སྲུང་བ། གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་འགག་རྩའི་དུས་སུ་ནུས་པ་འདོན་ཐུབ་པའི་དམག་འཐབ་མཁར་རྫོང་བརྟན་པོ་ཞིག་བསྐྲུན་རྒྱུ་དམ་འཛིན་བྱ་གཞིར་བྱེད་པ། ཚན་ཁག་གི་ཁོངས་མི་མི་རེ་ངོ་རེའི་ཧུར་སེམས་དང་རང་འགུལ་བསམ་པ་འདོན་པ། བརྟན་ལྷིང་སྲུང་སྐྱོང་དང་། འཕེལ་རྒྱས་ལ་སྐུལ་སྤེལ། སྣོད་བཅུད་སྲུང་སྐྱོང་སོགས་གཙོ་གནད་ལས་དོན་ལ་དམ་པོར་དམིགས་པ། འགན་འཁྲི་འཁུར་ཕོད་པ་དང་རང་འགུལ་ངང་ལས་དོན་སྒྲུབ་པ། ཏང་གི་དགོངས་དོན་ལག་བསྟར་བྱེད་པ། མང་ཚོགས་ཀྱི་ལས་དོན་ཏན་ཏིག་དང་ཞིབ་ཚགས་སྒྲུབ་པ་བཅས་བྱས་ཏེ་བོད་ཀྱི་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ལེགས་སྐྱེས་གསར་པ་དེ་བས་ཆེ་བ་འབུལ་དགོས་པའི་བླང་བྱ་བཏོན་གནང་བ་རེད། 

ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཀྲོང་ཡན་དང་། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་ལྷ་ས་གྲོང་ཨུད་ཀྱི་ཧྲུའུ་ཅི་པད་མ་དབང་འདུས། ལྗོངས་ཏང་ཨུད་ཀྱི་རྒྱུན་ཨུ་དྲུང་ཆེ་ལིའུ་ཅང་བཅས་གཟིགས་སྐོར་ལ་ལྷན་དུ་ཕེབས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།