ལྷོ་ཁར་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི་བཙུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་། ལྷོ་ཁ་གྲོང་ཁྱེར་གྱི་གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི་དངོས་སུ་བཙུགས་ནས་སྒོ་ཕྱེ་བ་དང་གྲོང་ཁྱེར་ཁོངས་གཏོགས་ཀྱི་སློབ་གྲྭ་འབྲིང་ཆུང་གི་དགེ་སློབ་འཐུས་མི70ལྷག་ཙམ་གྱིས་ལྟ་སྐོར་བྱས་པ་རེད།

ལྟ་སྐོར་བྱ་ཡུལ་དུ་འཆད་འཁྲིད་པའི་སྣེ་ཁྲིད་འོག་དགེ་སློབ་ཚོས་འགྲེམས་པང་ལ་ལྟ་བ་དང་། བཅའ་ཁྲིམས་ཀྱི་གཏམ་རྒྱུད་ཉན་པ། འཆད་འཁྲིད་པ་དང་མཉམ་འགུལ་བྱེད་པ་སོགས་ཀྱི་ཐབས་ལམ་བརྒྱུད་ཀྲུང་གོའི་བཅའ་ཁྲིམས་འཕེལ་རྒྱས་ཀྱི་ལོ་རྒྱུས་དང་། གཞོན་ནུ་ལོ་ཆུང་གི་ཁྲིམས་འགལ་རྒྱུ་རྐྱེན། སློབ་གྲྭའི་ནང་གི་ཐུབ་ཚོད་འགོག་ཐབས་དང་རང་ངོས་སྲུང་སྐྱོང་སོགས་ཀྱི་ནང་དོན་ཤེས་རྟོགས་བྱས་པ་རེད།

“གཞོན་ནུ་ལོ་ཆུང་གི་ཁྲིམས་སྐྱོང་སློབ་གསོའི་རྟེན་གཞི་བསྐྲུན་པའི་དམིགས་ཡུལ་ནི་གཞོན་ནུ་ལོ་ཆུང་གིས་བལྟ་བ་དང་། ཉན་པ། སྦྱོང་བ། སྤྱོད་པ། གླེང་བ་བཅས་ཀྱི་བརྒྱུད་རིམ་ནང་བཅའ་ཁྲིམས་ཀྱི་ཤེས་བྱ་སྦྱོང་ཐུབ་པ་བྱས་ནས་བཅའ་ཁྲིམས་ཀྱི་བྱང་ཚད་མཐོ་རུ་གཏོང་བ་དང་། ཁྲིམས་སྐྱོང་གི་འདུ་ཤེས་ཟབ་ཏུ་གཏོང་བ། བཅའ་ཁྲིམས་ཀྱི་འདུ་ཤེས་བརྟན་པོར་འཛུགས་པ་བཅས་བྱ་ཆེད་ཡིན། གོམ་སྟབས་རྗེས་མར། ལྷོ་ཁ་གྲོང་ཁྱེར་གྱིས་ད་དུང་འདྲ་བཟོའི་ཁྲིམས་ར་དང་ཁྲིམས་སྐྱོང་སློབ་ཚན་གཞི་གཅིག་ཅན་གྱི་ཁྲིམས་ལུགས་ཁྱབ་གདལ་སྟེགས་བུ་བཏོད་ནས་དེ་བས་ལེགས་པའི་སྒོ་ནས་རྒྱ་ཆེའི་གཞོན་ནུ་ལོ་ཆུང་ཚོས་ཁྲིམས་སྦྱོང་དང་། ཁྲིམས་སྲུང་། ཁྲིམས་སྤྱོད་བཅས་ལ་སྣེ་ཁྲིད་བྱ་རྒྱུ་ཡིན”ཞེས་ལྷོ་ཁ་གྲོང་ཁྱེར་ཁྲིམས་ལུགས་ཁྱབ་གདལ་གཞུང་ལས་ཁང་གི་འབྲེལ་ཡོད་འགན་འཁུར་བས་བཤད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།