བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས“སློབ་མའི་རོགས་སྐྱོར་སྲིད་ཇུས་གྲོང་གསེབ་ཏུ་སྤེལ་བའི”བྱེད་སྒོ་གཉེར་བ།

W020181207404680476036.jpg

འདི་ནི་སྒྲོག་འགྲེལ་ཚོགས་པའི་ཁོངས་མིས་བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གི2016ལོའི་རྩིས་པའི་འཛིན་གྲྭ་གཉིས་པའི་སློབ་མའི་ཁྱིམ་བདག་ལ་རོགས་སྐྱོར་གྱི་སྲིད་ཇུས་སྒྲོག་འགྲེལ་བྱས་ནས་མཉམ་དུ་དྲན་རྟེན་པར་རྒྱག་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱལ་ཁབ་ཀྱི་སློབ་མའི་རོགས་སྐྱོར་སྲིད་ཇུས་དྲིལ་བསྒྲགས་བྱེད་ཤུགས་སྔར་བས་ཆེ་རུ་བཏང་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་སྤེལ་རིང་། བོད་ལྗོངས་ལས་རིགས་ལག་རྩལ་སློབ་གླིང་གིས་རིམ་པ་གཉིས་པའི་སློབ་གླིང་ཁག་གི་རོགས་སྐྱོར་ལས་ཀ་བྱེད་མཁན་སྒྲིག་འཛུགས་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་སྨན་གླིང་རྫོང་ལ“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”རོགས་སྐྱོར་དྲིལ་བསྒྲགས་ཆེ་མོའི་སྒྲོག་འགྲེལ་ཚོགས་པས“སློབ་མའི་རོགས་སྐྱོར་སྲིད་ཇུས་གྲོང་གསེབ་ཏུ་སྤེལ་བའི”བྱེད་སྒོ་གཉེར་བ་རེད།

ད་རེས་ཀྱི་བྱེད་སྒོའི་རྣམ་པ་སྣ་ཚོགས་ཤིང་ནང་དོན་ཕུན་སུམ་ཚོགས་པ་སྟེ། གཅིག་ནས་སྒྲོག་འགྲེལ་ཚོགས་པས་སློབ་མའི་རོགས་སྐྱོར་སྲིས་ཇུས་དྲིལ་བསྒྲགས་ཀྱི་ལས་དོན་ཏང་འཛུགས་སྐྱོང་དང་གྲོང་ཚོར་བཅའ་སྡོད་ཀྱི་ལས་དོན་དང་ཟུང་འབྲེལ་བྱས་ནས་རྒྱ་ཆེའི་གྲོང་སྡོད་ལས་བྱེད་པ་དང་གྲོང་ཚོའི“ཨུ་ལྷན་གཉིས”ཀྱི་ཁོངས་མིར་སློབ་མའི་རོགས་སྐྱོར་སྲིད་ཇུས་འགྲེལ་བཤད་བརྒྱབ་པས་གཞི་རིམ་ཏང་ཡོན་ལས་བྱེད་པ་གཞི་རིམ་ལ་ཟབ་འཇུག་དང་གཞི་རིམ་ལ་ཞབས་འདེཌ་ཞུ་བའི་འདུ་ཤེས་ཟབ་ཏུ་སོང་བ་དང་། གཉིས་ནས“སྣང་ཆེན་བཞི་དང་དགའ་ཞེན་བཞིའི”མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་དང་ཟུང་འབྲེལ་བྱས་ནས་ཕྱོགས་གཉིས་མཉམ་ཤུགས་ཆགས་པར་བྱས་ཏེ་དཔལ་འབྱོར་ཐད་དཀའ་ངལ་ཡོད་པའི་དུད་ཚང་ལ་བསྐྱོད་ནས་རོགས་སྐྱོར་གྱི་སྲིད་ཇུས་དྲིལ་བསྒྲགས་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་དང་རྒྱལ་ཁབ་སྐྱོང་ལུགས་སྐོར་གྱི་འདུ་ཤེས་གསར་པ་དང་། དགོངས་པ་གསར་པ། འཐབ་ཇུས་གསར་པ་དང་ལྷག་དོན་དུ་མཐའ་སྐྱོང་བོད་བརྟན་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་རྣམ་བཤད་གལ་ཆེན་དྲིལ་བསྒྲགས་གཏིང་ཟབ་བྱས་པས། རྒྱ་ཆེའི་ཞིང་འབྲོག་མང་ཚོགས་ཀྱིས་ཏང་གི་བཀའ་དྲིན་ཚོར་བ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བའི་ཡིད་ཆེས་དང་ཆོད་སེམས་སྔར་བས་བརྟན་དུ་སོང་ཡོད། གསུམ་ནས་ལས་ཞུགས་དང་དམག་སྐུལ་དང་ལེན་སྲིད་ཇུས་དྲིལ་བསྒྲགས་དང་ཟུང་འབྲེལ་བྱས་ནས་ཉིང་ཁྲི་གྲོང་ཁྱེར་གྱི་མཐོ་རིམ་སློབ་འབྲིང་དང་པོ་དང་གཉིས་པར“གནས་གཏན་འཁེལ་གྱི་ཧྲི་ཀོན་གསོ་སྐྱོང་འཛིན་གྲྭའི”འབྲེལ་ཡོད་སྲིད་ཇུས་དྲིལ་བསྒྲགས་བྱས་པར་བརྟེན་ནས་དེ་འབྲེལ་གྱི་ལས་ཞུགས་གནས་ཚུལ་ངོ་སྤྲོད་བྱས་པས། བོད་ཀྱི་ལས་རིགས་ལག་རྩལ་སློབ་གླིང་གི་སློབ་གཉེར་གྱི་དམིགས་བསལ་ཁྱད་ཆོས་དྲིལ་བསྒྲགས་ནུས་ལྡན་ཐུབ་ནས་སློབ་གྲྭ་དེས་སློབ་མ་བསྡུ་བར་རྨང་གཞི་བཏིངས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།