བོད་ལྗོངས་སློབ་ཆེན་གྱི་རྣམ་གྲངས10ལ་ལས་འཛུགས་རོགས་དངུལ་ཐོབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། བོད་རང་སྐྱོང་ལྗོངས་སློབ་གསོ་ཐིང་གིས་རང་སྐྱོང་ལྗོངས་ཀྱི་སློབ་གསོ་ཚན་རིག"ལོ་ལྔའི་ཚན་བཅུ་གསུམ་པའི"ཇུས་གཞིའི2018ལོའི་ལོ་འཁོར་གྱི་ཞིབ་འཇུག་བྱ་གཞིའི་མིང་ཐོ་བསྒྲགས་ཤིང་། བོད་ལྗོངས་སློབ་ཆེན་གྱི་རྣམ་གྲངས10ལ་ལས་འཛུགས་རོགས་དངུལ་ཐོབ་ཡོད།

ཤེས་རྟོགས་བྱུང་བར་གཞིགས་ན། ཐེངས་འདིའི་བོད་རང་སྐྱོང་ལྗོངས་སློབ་གསོ་ཚན་རིག"ལོ་ལྔའི་ཚན་བཅུ་གསུམ་པའི"ཇུས་གཞིའི2018ལོའི་ལོ་འཁོར་གྱི་ཞིབ་འཇུག་བྱ་གཞི་འཛུགས་པའི་ལས་དོན་འདི་ཟླ7པ་ནས་འགོ་བརྩམས་ཡོད་ཅིང་། དགེ་རྒན་གྱིས་རང་འགུལ་གྱིས་རེ་ཞུ་དང་། ལས་ཁུངས་གང་ལ་གཏོགས་པ་དེས་ཐོག་མར་ཞིབ་བཤེར་བྱས་པ། ཚན་ཞིབ་ཁྲུའུ་ཡིས་ཞིབ་བཤེར་འོས་སྦྱོར་བྱས་པ་དང་། བོད་རང་སྐྱོང་ལྗོངས་སློབ་གསོ་ཚན་རིག་ཞིབ་འཇུག་འགོ་ཁྲིད་ཚོགས་ཆུང་གཞུང་ལས་ཁང་གིས་རྩ་འཛུགས་བྱས་པའི་རིགས་གཅིག་མཁས་པས་ཞིབ་བཤེར་བྱས་པ་བརྒྱུད། མངགས་བཅོལ་ཞིབ་འཇུག་བྱ་གཞི་གལ་ཆེན་སོགས་རྣམ་གྲངས58ལ་ཆོག་མཆན་ཐོབ་ནས་སྒོར་ཁྲི288ཡི་རོགས་དངུལ་སྤྲོད་རྒྱུ་རེད། ཐེངས་འདིའི་ཚན་ཞིབ་ལས་འཛུགས་ཁྲོད་བོད་ལྗོངས་སློབ་ཆེན་ལ་ཞིབ་འཇུག་གི་རྣམ་གྲངས10ཐོབ་པ་དང་། ཁྱོན་དངུལ་སྒོར་ཁྲི56གི་རོགས་དངུལ་སྤྲོད་རྒྱུའི་ཆོག་མཆན་ཐོབ་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།