ཐང་གའི་སྒྱུ་རྩལ་དུས་ཆེན་མཐོ་གྲས་གླེང་སྟེགས་པེ་ཅིང་གི་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ་རྒྱུ་རེད།

F201811211416456876705943.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་ཤེས་རྟོགས་བྱུང་བ་གཞིགས་ན།  ཐང་གའི་སྒྱུ་རྩལ་མཐོ་གྲས་གླེང་སྟེགས་ནི་ཟླ11ཚེས24ནས་ཚེས25ཉིན་བར་ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་སུ་སྤེལ་རྒྱུ་ཡིན་ལ། ཐེངས་འདིའི་བགྲོ་གླེང་ནི2018ལོའི་ཟླ9པར་ལྷ་སར་སྤེལ་བའི་ཀྲུང་གོའི་བོད་ལྗོངས་ཡུལ་སྐོར་རིག་གནས་རྒྱལ་སྤྱིའི་འགྲེམས་སྟོན་ཚོགས་འདུ་ཡི་ཀྲུང་གོའི་ཐང་གའི་སྒྱུ་རྩལ་དུས་ཆེན་སྐབས་བཞི་བའི་བྱེད་སྒོ་ཆེ་ཤོས་གསུམ་གྱི་ནང་ནས་གཅིག་ཡིན་ཞིང་། བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་གཙོ་སྒྲུབ་གནང་ཞིང་། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་གིས་ཞིབ་ཕྲའི་མཛུན་སྟོན་གནང་བ། བོད་ལྗོངས་རིག་གནས་འཕེལ་རྒྱས་ཡར་སྐུལ་ཚོགས་པ་དང་། ཀྲུང་གོའི་རྒྱལ་སྤྱིའི་ཐང་ག་སྒྱུ་རྩལ་དུས་ཆེན་སྒྲིག་འཛུགས་ཨུ་ལྷན་གྱིས་སྒྲུབ་འགན་འཁུར་ཞིང་། ཀྲུང་གོའི་བོད་རིག་པ་ཞིབ་འཇུག་ལྟེ་གནས་ཀྱིས་རོགས་སྒྲུབ་གནང་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།