བོད་ལྗོངས་སློབ་ཆེན་གྱི་རྣམ་གྲངས10ལ་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་འཛུགས་པའི་རོགས་སྐྱོར་ཐོབ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ། བོད་ལྗོངས་སློབ་གསོ་ཐིན་གྱིས་རང་སྐྱོང་ལྗོངས་སློབ་གསོ་ཚན་རིག་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི2018ལོའི་ལོ་འཁོར་གྱི་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་འཛུགས་པའི་མིང་ཐོ་ཁྱབ་བསྒྲགས་བྱས་ཡོད་ཅིང་། བོད་ལྗོངས་སློབ་ཆེན་གྱི་རྣམ་གྲངས10ལ་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་འཛུགས་རྒྱུའི་རོགས་སྐྱོར་ཐོབ།

རྒྱུས་ལོན་ལྟར་ན། ཐེངས་འདིའི་བོད་ལྗོངས་སློབ་གསོ་ཚན་རིག་ལོ་ལྔའི་འཆར་གཞི་བཅུ་གསུམ་པའི2018ལོའི་ལོ་འཁོར་གྱི་ཞིབ་འཇུག་བྱ་གཞིའི་རྣམ་གྲངས་འཛུགས་པའི་བྱ་བ་ཟླ7པ་ནས་བཟུང་སྤེལ་འགོ་བརྩམས་ཤིང་། དགེ་རྒན་གྱིས་རང་འགུལ་གྱིས་རེ་འདུན་ཞུས་པ་དང་། འབྲེལ་ཡོད་ལས་ཁུངས་ཀྱིས་ཐོག་མར་ཞིབ་བཤེར་བྱས་པ་བརྒྱུད། ཚན་རིག་ཞིབ་འཇུག་ཁྲུའུ་ཡིས་ཞིབ་བཤེར་མཚམས་སྦྱོར་བྱས་ཏེ། བོད་ལྗོངས་སློབ་གསོའི་ཚན་རིག་ཞིབ་འཇུག་མགོ་ཁྲིད་ཚན་ཆུང་གཞུང་སྒྲུབ་ཁང་གི་ཆེད་མཁས་པས་དཔྱད་བསྡུར་ཞིབ་བཤེར་བྱས་པ་བརྒྱུད། མངགས་བཅོལ་ཞིབ་འཇུག་བྱ་གཞིའི་གལ་ཆེན58ལ་རྣམ་གྲངས་བཙུགས་ནས། རོགས་སྐྱོར་གྲོན་དངུལ་སྒོར་ཁྲི288ཐོབ། བོད་ལྗོངས་སློབ་ཆེན་གྱི་ཐེངས་འདིའི་ཞིབ་འཇུག་བྱ་གཞིའི་འཛུགས་པའི་བྱ་བའི་ཁྲོད་རྣམ་གྲངས10ལ་ཆོག་མཆན་ཐོབ་ནས་རོགས་སྐྱོར་གྲོན་དངུལ་སྒོར་ཁྲི56ཐོབ་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།