བོད་བྱང་ཐང་གི་ཁྲུང་ཁྲུང་སྐེ་ནག་ལྷ་སའི་སྐྱིད་ཆུའི་རྒྱུད་དུ་དགུན་སྐྱེལ་དུ་སླེབས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། དེང་སྐབས་ལྷ་སའི་སྐྱིད་ཆུའི་གཞུང་གི་ཞིང་ཁའི་ནང་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ།  ངང་སེར་སོགས་ཁྱུ་དང་ཁྱུ་ཡིས་ཁེངས་ཡོད།  སྐྱིད་ཆུའི་གཞུང་ནི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་སོགས་ཀྱི་དགུན་དུས་སྐྱེལ་ས་གཙོ་བོ་ཞིག་ཡིན་པ་དང་།  དབྱར་ཁར་བོད་བྱང་ཐང་དུ་འཚོ་སྡོད་བྱེད་པའི་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ་དེ་དག་ལོ་ལྟར་སྤྱི་ཟླ10པའི་ཟླ་སྨད་དུ་གནམ་གཤིས་ཅུང་དྲོ་བའི་སྐྱིད་ཆུ་དང་མྱང་ཆུ་གཙང་པོའི་རྒྱུད་དུ་དགུན་དུས་སྐྱེལ་བ་ཡོང་གི་ཡོད་པ་དང་སང་ལོའི་དཔྱིད་ཀར་བོད་བྱང་ཐང་དུ་ལོག་འགྲོ་གི་ཡོད།  ལྷ་ས་སྐྱིད་ཆུའི་ཆུ་གཞུང་ཁོ་ནར་དགུན་དུས་སྐྱེལ་མཁན་ཁྲུང་ཁྲུང་སྐེ་ནག་དང་ཁྲུང་ཁྲུང་མགོ་ཁྲ།  ངང་སེར་སོགས་ཁྲི་ཕྲག་ཡོད་པ་དེས་འཛམ་གླིང་གི80%ཡས་མས་ཟིན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།