མངའ་རིས་ས་ཁུལ་གྱི་སྐྱེ་ཁམས་ཤེས་དཔལ་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོན།

W020181030582408107661.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་རང་སྐྱོང་ལྗོངས་མངའ་རིས་ས་ཁུལ་གྱིས་རང་བྱུང་ཁམས་ལ་བརྩི་འཇོག་དང་རང་བྱུང་ཁམས་དང་བསྟུན་པ།  རང་བྱུང་ཁམས་ལ་སྲུང་སྐྱོང་བྱེད་པ་བཅས་མཐའ་འཁྱོངས་བྱས་ཏེ།  ཕྱོགས་ཡོངས་ནས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་ཀར་འགོ་ཁྲིད་བྱེད་རྒྱུའི་ཐད་ཤུགས་སྣོན་རྒྱག་པ་དང་།  སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱ་རྒྱུ་དེ་ས་ཁུལ་དེའི་དོན་ཆེན་གསུམ་ནང་གི་གཅིག་ཏུ་བརྩིས་ནས།  ཚན་རིག་དང་མཐུན་པའི་འཆར་འགོད་བྱེད་པ་དང་སྒོ་ཀུན་ནས་བཀོད་སྒྲིག་ཚགས་ཚུད་པོ་བྱེད་པ།  སྐུལ་འདེད་ཤུགས་ཆེ་གཏོང་བ་བཅས་བྱས་པས་སྐྱེ་ཁམས་ཤེས་དཔལ་འཛུགས་སྐྱོང་དང་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ཐད་གྲུབ་འབྲས་མངོན་གསལ་དོད་པོ་ཐོན་ཡོད།  ཉེ་ཆར་ལོ་གཉིས་རིང་མངའ་རིས་ས་ཁུལ་གྱིས་མ་དངུལ་སྒོར་དུང་ཕྱུར 1.4 བཏང་ནས་ཤིང་རིགས་བཅུ་གྲངས་ལྷག་ཙམ་གྱི་སྡོང་རྐང་ཁྲི42འདེབས་འཛུགས་བྱས་ཡོད་པ་མ་ཟད།  སྨིད་ངོས་སྙོམས་གྲུ་བཞི་མ་ཁྲི16གི་སར་རྩྭ་དང་མེ་ཏོག་རིགས་བཅུ་ལྷག་ཙམ་ཚོད་འདེབས་ཀྱང་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།