ལྷ་སའི་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་གསར་གཏོད་ལས་གཏོད་ཀྱི་སློབ་གསོའི་རྟེན་གཞི་སྤྱོད་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང“རྒྱལ་ཁབ་ཀྱི་དམངས་ཡོངས་ཚེ་གང་སློབ་སྦྱོང་བྱེད་པའི་སྤུས་རྟགས་ཏེ། ལྷ་ས་འབྲིང་རིམ་ལས་རིགས་ལག་རྩལ་སློབ་གྲྭ་གཉིས་པའི་གསར་གཏོད་ལས་གཏོད་ཀྱི་སློབ་གསོའི་རྟེན་གཞི”དངོས་སུ་ལས་གཉེར་བྱེད་འགོ་ཚུགས་ནས་ལྗོངས་ཡོངས་སུ“གཉིས་གཏོད”སློབ་གསོ་བརྗོད་དོན་གཙོ་བོར་བྱས་པའི་ཚེ་གང་སློབ་སྦྱོང་གི་སྤུས་རྟགས་རྣམ་གྲངས་འབའ་ཞིག་ཏུ་གྱུར་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། རྟེན་གཞི་དེར་ལས་དོན་ཁང12བཙུགས་པ་དེས“ཆ་འཕྲིན་དྲ་སྦྲེལ་གྱི་ལས་གྲྭ་རྩེ་གྲ་གསུམ་ལ་བརྟེན་ནས་གསར་གཏོད་གསུམ་གྱི་སློབ་གསོར་སྐུལ་འདེད་གཏོང་རྒྱུ”མཛུབ་ཁྲིད་བསམ་བློར་བྱེད་པའི་ཁར། “རྩལ་ནུས་+ལས་གཏོད”ཀྱི་བྱེད་སྟངས་སྤྱད་དེ་ལས་གཏོད་ལ་བརྟེན་ནས་ལས་ཞུགས་ལ་སྣེ་ཁྲིད་བྱེད་པར་ཕན་འདོགས་རྒྱུ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།