ལྷོ་ཁ་གྲོང་ཁྱེར་གྱི་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་འཛུགས་སྐྱོང་ཁྱོན་ཡོངས་ལ་ཁྱབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་གྱིས་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་འཕེལ་རྒྱས་དང་སྤྱི་ཚོགས་ཀྱི་རྩ་འཛུགས་ཟམ་མི་ཆད་པར་སྟོབས་ཆེར་འགྲོ་བའི་དུས་བབ་གསར་པ་དང་རང་འགུལ་ངང་འཚམ་པར་བྱེད་པ་དང་། རྒྱལ་ཡོངས་དང་ལྗོངས་ཡོངས་ཀྱི་རྩ་འཛུགས་ལས་དོན་གྱི་ཚོགས་འདུའི་དགོངས་དོན་མཐའ་གཅིག་ཏུ་ལག་བསྟར་དོན་འཁྱོལ་བྱས་ཏེ་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་འཛུགས་སྐྱོང་ཆབ་སྲིད་ཀྱི་ལས་འགན་ལ་བརྩིས་ནས་དམ་འཛིན་བྱས་ཁར་རྩ་འཛུགས་གསར་པ་གཉིས་ཀྱི“ཁྱབ་པ་གཉིས”ཀྱི་ལས་དོན་ལ་སྐུལ་འདེད་ཧུར་ཐག་བཏང་སྟེ་རྩ་འཛུགས་ཀྱི་སྒྲོམ་གཞི་སྙོམས་སྒྲིག་ཡོང་བ་དམ་འཛིན་བྱ་གཞི་དང་འཐབ་ས་འཛུགས་སྐྱོང་གཙོ་རྐང་དུ་བྱས་ཏེ་མི་སྣའི་སྟོབས་ཤུགས་གཅིག་ཏུ་བསྡུས་ནས་ཏང་འཛུགས་སྐྱོང་གི་ཆེད་དོན་བྱ་སྤྱོད་སྤེལ་བ་རེད།

གྲལ་བཤེར་གཏིང་ཟབ་བྱས་ནས་གདིང་གཞི་གསལ་རྟོགས་དང་ཁ་ཕྱོགས་གནད་འཁེལ་ཡོང་བར་བྱས་ཤིང་། ལྷོ་ཁ་གྲོང་ཁྱེར་གྱིས་རྩ་འཛུགས་གསར་པ་གཉིས་ཀྱི་གྲངས་འབོར་དང་། གཉེར་སྐྱོང་གི་གནས་ཚུལ། ལས་ཞུགས་མི་སྣའི་གནས་ཚུལ། མ་དངུལ་གཏོང་མཁན(འགན་འཁུར་བ)གྱི་གནས་ཚུལ། ཏང་ཡོན་དཔུང་ཁག་གི་གནས་ཚུལ། རྩ་འཛུགས་བཀོད་སྒྲིག་གི་གནས་ཚུལ་བཅས་ཁ་གསལ་ཡོང་བར་བྱེད་པའི“ཁ་གསལ་དྲུག”གི་བླང་བྱར་དམིགས་ཏེ། བཟོ་ཚོང་ཁོངས་གཏོགས་དང་དམངས་སྲིད་ཁོངས་གཏོགས་ཀྱིས་མཁོ་འདོན་བྱས་པའི་རྩ་འཛུགས་གསར་པ་གཉིས་ཀྱིས་ཐོ་འགོད་ཀྱི་མིང་ཐོ་གཞི་རྩར་བྱས་ནས་ལས་བྱེད་པ1100ལྷག་ཙམ་གཤམ་དུ་མངགས་ཏེ་སྒོ་རྩར་བསྐྱོད་ནས་ཆ་འཕྲིན་འཚོལ་བསྡུ་དང་། བསྡུར་བཤེར། རིམ་པ་བཞིན་གྲལ་བཤེར་བཅས་ཀྱི་བྱེད་སྟངས་སྤྱད་དེ་ལས་ཀའི་རྩིས་ཁྲ་རིགས་དབྱེ་ནས་བཟོས་པ་རེད།

རྩ་འཛུགས་ཀྱི་ཁྱབ་རྒྱ་ས་ཁོངས་ཅན་ལ་བསྒྱུར་ནས་ཚན་རིག་དང་མཐུན་པའི་ངང་བབ་བསྟུན་ལེགས་སྒྲིག་བྱས་ཤིང་། སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་གྱི་རྩ་འཛུགས་འགའ་ཞིག་གནས་ཡུན་ཐུང་བ་དང་ཐོ་འགོད་ཀྱི་དུས་འཁོར་མགྱོགས་པའི་ཁྱད་ཆོས་ལ་དམིགས་ཏེ་བབ་བསྟུན་གྱི་ལྟ་སྐུལ་དོ་དམ་ལམ་ལུགས་ཞིབ་འཇུག་བྱས་ནས་བཟོས་པ་དང་། ཟླ་རེའི་ཚེས25ཉིན་ལྷོ་ཁ་གྲོང་ཁྱེར་བཟོ་ཚོང་ཅུས་དང་འབྲེལ་གཏུག་མཐུན་སྦྱོར་ཐེངས་རེ་བྱེད་རྒྱུའི་གཏན་འབེབས་བྱས་པ་དེས་ཟླ་རེར་གསར་དུ་ཐོ་བཀོད་ནས་བཙུགས་པ་དང་ཐོ་བསུབ་པའི་སྤྱི་དབང་མིན་པའི་ལམ་ལུགས་ཀྱི་དཔལ་འབྱོར་རྩ་འཛུགས་ཐོ་འགོད་ཡུལ་ས་གནས་ཀྱི་ཏང་ཀྲི་པུའུ་ལ་བརྡ་ལན་སྤྲད་ནས“ཁྱབ་པ་གཉིས”ལེགས་སྒྲིག་བྱས་ཡོད།

ཏང་དོན་ལས་དོན་པ་ཧྲག་སྒྲུབ་བརྒྱབ་ནས་འདེགས་སྐྱོར་ནུས་པ་ཆེ་རུ་བཏང་སྟེ་སྐུལ་སྤེལ་ལ་དམ་འཛིན་བྱས་ཤིང་། ཏང་རྩ་འཛུགས་ཀྱི་འགན་འཁུར་བ་ལེགས་འདེམས་ཧྲག་སྒྲུབ་བརྒྱབ་པ་མ་ཟད། ཏང་ཡོན་ཚོགས་ཆེན་གྱི་འདེམས་བསྐོའི་ལས་དོན་གྱི་མཛུབ་ཁྲིད་རང་བཞིན་གྱི་བསམ་འཆར་བཟོས་ནས་སྤྲད་པ་དེས་གྲོང་ཁྱེར་ཡོངས་ཀྱི་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་རྩ་འཛུགས་ལ་ཁྲིམས་དང་གཏན་འབེབས་བཞིན་ཏང་རྩ་འཛུགས་ཀྱི་ཚན་ཁག་གི་ཁོངས་མི་བདམས་ཐོན་ལ་མཛུབ་ཁྲིད་ཐུབ་ཡོད། རྩ་་འཛུགས་གསར་པ་གཉིས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པའི་ལམ་ལུགས་འཐུས་སྒོ་ཚང་དུ་བཏང་བ་དེས་ཏང་གཤིས་ནན་ཞིང་བྱང་ཚད་མཐོ་བ་དང་སྤྱོད་ཚུལ་ལེགས་ལ་ཏང་གི་ལས་དོན་ལ་རྒྱུས་མངའ་ཆེ་བའི་ཏང་ཡོན་རྩ་འཛུགས་གསར་པ་གཉིས་ཀྱི་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པར་བསྐོས་ཡོད། ད་ཆ་གྲོང་ཁྱེར་ཡོངས་སུ་ཏང་ཡོན་མེད་པའི་རྩ་འཛུགས་གསར་པ་གཉིས་ཀྱི་ཁྲོད་ཏང་འཛུགས་སྐྱོང་ལས་དོན་གྱི་མཛུབ་ཁྲིད་པ་254མངགས་ནས་ཏང་གི་ལས་དོན་ཁྱབ་ཚད100%ཟིན་ཡོད།

ལས་ཀ་བྱེད་སྟངས་སྒོ་དབྱེ་ཅན་དང་བྱ་ཐབས་གསར་དུ་བཏོད་ནས་ཕན་འབྲས་འཚོལ་ཞིབ་བྱས་ཤིང་། རྩ་འཛུགས་གསར་པ་གཉིས་ཀྱི་གྲངས་འབོར་མང་བ་དང་གནས་ས་ཁ་ཐོར་ཡིན་པའི་ཁར། ཏང་ཡོན་གྱི་ནུས་པ་འདོན་དཀའ་བ་དང་ལོ་ཆུང་ཏང་ཡོན་ལ་སློབ་གསོ་ལྟ་སྐུལ་དང་དོ་དམ་བྱེད་དཀའ་བ་སོགས་ཀྱི་གནས་ཚུལ་ལ་དམིགས་ཏེ“སློབ་ཁྲིད་དང་། མཉམ་འགུལ། དོ་དམ་བཅས་ཆུང་ངུའི”སློབ་ཁྲིད་བྱེད་སྟངས་གཞི་རྟེན་དུ་བྱས་པའི“སྐད་འཕྲིན་ནས་ཏང་འཛུགས་སྐྱོང”གི་བྱེད་སྒོ་སྤེལ་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།