ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ཁྲིམས་འཛིན་མི་སྣས་ཐོབ་ཐང་བརྩོན་ལེན་བྱེད་པའི་ཡིག་རྒྱུགས་བོད་ལྗོངས་སློབ་ཆེན་དུ་བཏང་།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  ལྷ་ས་གྲོང་ཁྱེར་གྱི་སྲིད་འཛིན་ཁྲིམས་འཛིན་མི་སྣས་ཐོབ་ཐང་བརྩོན་ལེན་བྱེད་པའི་སྤྱི་ལོ2018ལོའི་ཡིག་རྒྱུགས་བོད་ལྗོངས་སློབ་ཆེན་དུ་བཏང་བ་དང་མི570ཡིག་རྒྱུགས་ནང་ཞུགས་ཡོད།  ཤེས་རྟོགས་བྱས་པར་གཞིགས་ན།  སྲིད་འཛིན་ཁྲིམས་འཛིན་མི་སྣར་གཞི་ཁྱོན་ལྡན་པའི་ངང་སྦྱོང་བརྡར་སྤྲོད་པ་དང་ཡིག་རྒྱུགས་གཏོང་བའི་ལས་དོན་དེ་སྤྱི་ལོ2015ལོར་ལྷ་ས་གྲོང་ཁྱེར་གྱི་ཁྱབ་ཁོངས་ནང་སྤེལ་འགོ་ཚུགས་ཤིང་།  སྤྱི་ལོ2017ལོ་ནས་བཟུང་གྲོང་ཁྱེར་སྲིད་གཞུང་ཁྲིམས་ལུགས་གཞུང་ལས་ཁང་དང་མཐོ་རིམ་སློབ་གྲྭས་མཉམ་འབྲེལ་ཐོག་གཉེར་བའི་བྱ་ཐབས་བཟུང་བས།  སྦྱོང་བརྡར་འཕྲོད་ཚད་དང་རྒྱུགས་འཕྲོད་ཚད་ལོ་རེ་བཞིན་མཐོ་རུ་འགྲོ་བའི་རྣམ་པ་བཟང་པོ་མངོན་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།