ནག་ཆུ་གྲོང་ཁྱེར་གྱིས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་གྱི་ཞན་ཆ་ནུས་ཤུགས་ཡོད་རྒུས་གསབ་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་ལོའི་ཚུན་དུ། ནག་ཆུ་གྲོང་ཁྱེར་གྱིས་ཐོག་མཐའ་བར་གསུམ་དུ“མི48000དབུལ་སྒྲོལ་དང་། གྲོང་ཚོ་དབུལ་པོ583དབུལ་པོའི་གནས་ལས་ཕྱིར་འཐེན་བྱས་ཏེ། ཨ་མདོ་དང་། ལྷ་རི། སྙན་རོང་། སོག་རྫོང་། དཔལ་མགོན་བཅས་རྫོང5ཡི་དབུལ་ཞྭ་འབུད་ཐུབ་པའི”འགག་སྒྲོལ་གྱི་ལས་འགན་ལ་དམ་པོར་དམིགས་ནས“ཞན་ཆ་གསབ་པ་དང་འཇུར་མིག་སེལ་བར”འབད་བརྩོན་བྱས་ཏེ་ནུས་ཤུགས་ཡོད་རྒུས་དབུལ་སྒྲོལ་འགག་སྒྲོལ་གྱི་དམག་འཐབ་ལ་རྒྱལ་ཁ་བླངས་ཡོད་པ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ནག་ཆུ་གྲོང་ཁྱེར་དབུལ་སྒྲོལ་འགག་སྒྲོལ་བཀོད་འདོམས་པུའི་ཁོངས་མིའི་ཚན་པ་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་གཏོང་བ་དང་། ཆུ་དང་། གློག ལམ། འཕྲིན་གཏོང་སོགས་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་ལ་གཙོ་གནད་ཐོག་སྐུལ་འདེད་གཏོང་བ། དཔལ་འབྱོར་དང་། སྤྱི་ཚོགས་འཕེལ་རྒྱས་ཀྱི་ཞན་ཆ་ནུས་ལྡན་ངང་གསབ་པ་བཅས་བྱས་ནས་སྤྱི་པའི་ཞབས་ཞུའི་ཆུ་ཚད་མཐོ་རུ་ཏན་ཏིག་བཏང་ཡོད་པ་རེད། རིམ་རྩིས་ལྟར་ན། ཆུ་དང་། གློག ལམ། འཕྲིན་གཏོང་། ཚན་རིག་དང་སློབ་གསོ། རིག་གནས། འཕྲོད་བསྟེན་སོགས་ཀྱི་རྣམ་གྲངས1960ལག་ལེན་བསྟར་བ་དང་། མ་དངུལ་བསྡོམས་འབོར་སྒོར་དུང་ཕྱུར142.3བཏང་སྟེ། རང་བྱུང་གྲོང་ཚོར་ཤར་གཏོང་གི་གཞུང་ལམ་ཁག213སྒྱུར་བཀོད་བྱས་པ་དང་། མི་ཕྱུགས་ཀྱི་འཐུང་ཆུའི་ལས་གྲྭ1463དང་། འཕྲིན་གཏོང་ལས་གྲྭ66 དྲ་རྒྱའི་ལས་གྲྭ114གསར་དུ་བསྐྲུན་པ། ཚན་རྩལ་ལས་གྲྭ253དང་རིག་གནས་དང་འཕྲོད་བསྟེན་ལས་གྲྭ42ལག་ལེན་བསྟར་ཡོད་པ་རེད། གྲོང་ཁྱེར་ཡོངས་ཀྱི་རྫོང་གྲོང་ལ་སྣུམ་ནག་གཞུང་ལམ་ཤར་གཏོང་ཐུབ་ཚད100%ཟིན་པ་དང་། ཤང་གྲོང་དུ་ཤར་གཏོང་ཐུབ་ཚད94.73%ཟིན་པ། སྲིད་འཛིན་གྲོང་ཚོར་ཤར་གཏོང་ཐུབ་ཚད31.26%ཟིན་ཡོད། རྒྱལ་ལམ349ཡི་ལམ་ཐིག་བསྐྱར་སྐྲུན་ལས་གྲྭ་དང2018ལོའི་འཆར་གཞིའི་རྣམ་གྲངས་ཡོངས་རྫོགས་ལག་ལེན་བསྟར་རྗེས་ཤང་དང་གྲོང་རྡལ་ལ་གཞུང་ལམ་ཤར་གཏོང་ཐུབ་ཚད100%(གནས་སྤོས་ཤང་ལྔ་ཚུད་མེད)སྲིད་འཛིན་གྲོང་ཚོར་གཞུང་ལམ་ཤར་གཏོང་ཐུབ་ཚད76%ཟིན་ཡོད་པ་རེད། རྫོང་9དང་། ཤང་དང་གྲོང་རྡལ63 སྲིད་འཛིན་གྲོང་ཚོ653བཅས་ལ་བོད་དབུས་ཀྱི་གློག་དྲ་ཁྱབ་ཡོད་པ་དང་། གློག་བརྟན་པོ་སྤྱོད་ཐུབ་པའི་དུད་ཚང་ཁྲི5ཡི་མི་ཁྲི31.25ཟིན་པ་དང་། གློག་མཁོ་འདོན་བྱེད་ཚད56.21%ཟིན་ཡོད། མ་དངུལ་སྒོར་དུང་ཕྱུར1.61བཏང་སྟེ། གྲོང་གསེབ་ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་ལས་གྲྭ849གསར་དུ་བསྐྲུན་པ་དང་ཉམས་བཟོ་བྱས་ནས་མི76478ཀྱི་འཐུང་ཆུའི་བདེ་འཇགས་ཀྱི་གནད་དོན་ཐག་གཅོད་བྱས་པ་དང་། དེའི་ནང་ཡིག་ཚགས་དང་གཱ་བཟོས་པའི་མི་འབོར་དབུལ་པོ27823ཟིན་ཡོད། རྫོང་དང་། ཤང་། གྲོང་ཚོ་བཅས་ཀྱི་འཕྲིན་གཏོང་བརྡ་རྟགས་དང་དྲ་ཆེན་ཁྱབ་ཚད100%དང་། 100% 51.4%བཅས་སོ་སོར་ཟིན་ཡོད། མ་དངུལ་སྒོར་ཁྲི4705བཏང་ནས་དཔལ་མགོན་རྫོང་དང་ཨ་མདོ་རྫོང་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་རྣམ་གྲངས་ལག་ལེན་བསྟར་བ་དང་། མ་དངུལ་སྒོར་ཁྲི1850བཏང་ནས་སོག་རྫོང་ས་ཁོངས་ཀྱི་སྨན་བཅོས་ལྟེ་གནས་རྣམ་གྲངས་ལག་ལེན་བསྟར་བ། མ་དངུལ་སྒོར་ཁྲི2450བཏང་ནས་རྫོང7གྱི་མཐོ་གནོན་གསོ་རླུང་ཁང་གི་རྣམ་གྲངས་ལག་ལེན་བསྟར་བ། མ་དངུལ་སྒོར་ཁྲི860བཏང་ནས་རྫོང4ཡི་མ་བུ་བདེ་སྲུང་ས་ཚིགས་ཀྱི་རྣམ་གྲངས་ལག་ལེན་བསྟར་བ། མ་དངུལ་སྒོར་ཁྲི9000བཏང་ནས་ཤང་དང་གྲོང་རྡལ44ཡི་འཕྲོད་བསྟེན་ཁང་ཚད་ལྡན་ཅན་འཛུགས་སྐྲུན་བྱས་པ། མ་དངུལ་སྒོར་ཁྲི2280བཏང་ནས་ཤང་གྲོང144ཡི་འཕྲོད་བསྟེན་སྐོར་སྐྱོད་ཞབས་ཞུའི་རླངས་འཁོར་བཀོད་སྒྲིག་བྱས་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།