​བོད་དམག་ཁུལ་ཁང་ནས་ཐད་འཕུར་གནམ་གྲུ་བཏང་སྟེ་འཇོ་མདའ་རྫོང་གི་རི་ཉིལ་གནོད་འཚེ་ཕོག་ཁུལ་དུ་གེགས་སྐྱོབ་དངོས་རྫས་སྐྱེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས16ཉིན།  བོད་དམག་ཁུལ་ཁང་ནས་ཐད་འཕུར་གནམ་གྲུ་གསུམ་བཏང་སྟེ་འཇོ་མདའ་རྫོང་གི་རི་ཉིལ་བའི་གནོད་འཚེ་ཕོག་སའི་ལྟེ་བའི་ཁུལ་དཔལ་སྐེད་གྲོང་ཚོར་གེགས་སྐྱོབ་དངོས་རྫས་དབོར་འདྲེན་བྱས་པ་རེད།  ད་བར་བོད་དམག་ཁུལ་ཁང་ནས་འཇོ་མདའ་རྫོང་གི་གེགས་སྐྱོབ་བཀོད་སྒྲིག་བྱེད་གནས་སུ་མཁའ་ཐོག་རོགས་སྐྱོབ་བགྲོད་ལམ་གཏོད་དེ་རིགས་འདྲ་མིན་གྱི་དངོས་ཟོག་དང་།  འཕྲལ་དུ་སྨན་བཅོས་བྱེད་དགོས་པའི་ནད་པ་དུས་ཐོག་ཏུ་སྐྱེལ་འདྲེན་ཐུབ་པ་བྱས་ཡོད། 

འཇོ་མདའ་རྫོང་དུ་གེགས་སྐྱོབ་ལས་དོན་ལ་བཀོད་འདོམས་གནང་བཞིན་པའི་བོད་དམག་ཁུལ་ཁང་གི་ཆབ་སྲིད་ཨུ་ཡོན་ཀྲང་ཞོན་ཅེ་ཡིས།  ད་རེས་མཁའ་ཐོག་ནས་དབོར་འདྲེན་བྱས་པའི་དངོས་ཟོག་ཁྱོན་རྒྱ་མ2400ལྷག་ཙམ་ཟིན་པའི་ནང་ཕག་ཤ་དང་ཚགས་ཤ  འབྲས་སོགས་དང་སྔོ་ཚལ་སྣ་ཚོགས།  དེ་བཞིན་འཕྲལ་མཁོའི་སྨན་སྣ་ཁ་ཉི་ཤུ་ལྷག་ཙམ་བཅས་ཡོད་པས།  གནོད་འཚེ་ཕོག་པའི་མང་ཚོགས་དང་མདུན་ཕྱོགས་ཀྱི་ལས་དོན་མི་སྣའི་ཁ་ཚ་དགོས་གཏུག་གི་དཀའ་གནད་སེལ་ཡོད་ཅེས་ངོ་སྤྲོད་གནང་བ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།