​ནག་ཆུས་ཁོར་ཡུག་སྲུང་སྐྱོབ་དང་འབྲེལ་བའི་གནད་དོན་བརྒྱད་བཅོས་སྒྲིག་བྱེད་རྒྱུར་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཀྲུང་དབྱང་ཁོར་ཡུག་སྲུང་སྐྱོབ་ལྟ་ཞིབ་ཚོགས་ཆུང་ནས་བཏོན་པའི་བཅོས་སྒྲིག་བྱ་གཞི་ཁག་ལ་ནག་ཆུ་གྲོང་ཁྱེར་གྱིས་དོ་སྣང་ཆེན་པོ་བྱས་པ་དང་།  ད་བར་ལྟ་ཞིབ་ཚོགས་ཆུང་ནས་སྒྲུབ་རྒྱུར་སྤྲད་པའི་གནད་དོན་ཆེ་བ37དང་ཆུང་བ111ནང་ནས།  གནད་དོན་ཆེ་བ14དང་ཆུང་བ21བཅོས་སྒྲིག་ལེགས་གྲུབ་ཟིན་པ་མ་ཟད་ཐོ་ཁོངས་ནས་ཀྱང་མེད་པ་བཟོ་རྒྱུའི་རེ་ཞུ་ཕུལ་ཟིན་པ་དང་།  དེ་མིན་གྱི་བཅོས་སྒྲིག་ལས་འགན་དུས་བཅད་ལྟར་གོ་རིམ་ལྡན་པའི་ངང་སྤེལ་བཞིན་ཡོད།  ནག་ཆུ་གྲོང་ཁྱེར་དང་འབྲེལ་བ་ཡོད་པའི་གཙོ་གནད་གནད་དོན་བརྒྱད་བཅོས་སྒྲིག་བྱེད་པའི་ཐད་དུས་མཚམས་རང་བཞིན་གྱི་ཕན་འབྲས་ཐོན་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན།  འགྲིམ་འགྲུལ་ཁྱབ་ཁོངས་སུ་མར་ཡོ་ཤང་ནས་ཞིང་ཆེན་ལམ ༢༠༨ གསུམ་བརྒྱད་གཉིས་ཟམ་ཆེན་བར་གྱི་གྲོང་གསེབ་གཞུང་ལམ་བསྒྱུར་བཟོ་ལས་གཞིའི་རྣམ་གྲངས་དང་།  ཞིང་ཆེན་ལམ301གི་གཞུང་སྨད་གྲོང་རྡལ་ནས་ཉི་མ་རྫོང་བར་གྱི་གཞུང་ལམ་བསྒྱུར་བཟོ་ལས་གཞིའི་རྣམ་གྲངས་སོགས་ཀྱི་སྐྱེ་ཁམས་སླར་གསོའི་ལས་དོན་ལེགས་སྒྲུབ་ཟིན་པ།  འབྲེལ་ཡོད་འགན་ནུས་ཚན་པས་རྣམ་གྲངས་ཀྱི་སྒྲིག་འགལ་རྒྱུ་ཆ་འཇོག་གནས་བཙུགས་པ་དང་ཆོག་མཆན་མེད་པར་སྔོན་ལ་སྐྲུན་པ་སོགས་ཀྱི་ཁྲིམས་འགལ་བྱ་སྤྱོད་ལ་སྲིད་འཛིན་ཉེས་ཆད་སྒོར་ཁྲི་ཚོ462བཏང་ཡོད།  སྤྱི་ལོ2016ལོར་ཆོག་མཆན་མེད་པར་སྔོན་ལ་སྐྲུན་པའི་གྲོང་གསེབ་གཞུང་ལམ་འཛུགས་སྐྲུན་རྣམ་གྲངས་བདུན་ཡོད་པ་དེ་དག་གི་འབྲེལ་ཡོད་འགྲོ་ལུགས་འཐུས་ཚང་བཟོས་ཟིན་པ་དང་།  གྲོང་ཁྱེར་དེ་ཡོངས་ཀྱི་གྲོང་གསེབ་གཞུང་ལམ་གྱི་རྣམ་གྲངས475གཙང་སེལ་ཟིན་ཞིང་།  སྤྱི་ལོ2016ལོར་ཆོག་མཆན་མེད་པར་སྔོན་ལ་སྐྲུན་པའི་རྣམ་གྲངས་བདུན་ཕུད་ཆོག་མཆན་མེད་པར་སྔོན་ལ་སྐྲུན་པའི་རྣམ་གྲངས་གསར་པའི་རིགས་ཐོན་མེད་པ་རེད། 

ཐལ་རྡུལ་སྦག་བཙོག་བཅོས་སྒྲིག་ཐད་སྤྱི་ལོ2017ལོའི་ཚུན་དུ་ནག་ཆུ་གྲོང་ཁྱེར་གྱིས་ཁོར་ཡུག་ཕྱོགས་བསྡུས་བཅོས་སྒྲིག་ཤུགས་ཆེ་བྱས་པས།  མཁའ་རླུང་གི་སྤུས་ཚད་ལེགས་བཅོས་མངོན་གསལ་དོད་པོ་བྱུང་པ་རེད།  ད་ལོའི་ལོ་སྟོད་དུ་མཁའ་རླུང་གི་སྤུས་ཚད་ལེགས་ཚད97.7%ཟིན་ནས།  སྤྱི་ལོ2017ལོའི་དུས་མཚུངས་པ་ལས་བརྒྱ་ཆའི་ཆ9.4མཐོ་རུ་ཕྱིན་ཏེ་སྦག་བཙོག་ཚབས་ཆེ་བའི་གནམ་གཤིས་ཐོན་མེད་པ་རེད། 

གནམ་མཚོའི་སྒྲིག་འགལ་གྱི་ཡུལ་སྐོར་གསར་སྤེལ་རྣམ་གྲངས་ཐད་ནག་ཆུ་གྲོང་ཁྱེར་ནས།  གནམ་མཚོའི་རང་བྱུང་སྲུང་སྐྱོབ་ཁུལ་གྱི་ཡུལ་སྐོར་གསར་སྤེལ་འཛུགས་སྐྲུན་བྱ་སྤྱོད་ཕྱོགས་ཡོངས་ནས་སྤེལ་མཚམས་འཇོག་ཏུ་བཅུག་པ་རེད།  དེ་དང་ཆབས་ཅིག་སྒྲིག་འགལ་འཛུགས་སྐྲུན་རྣམ་གྲངས་བཤིག་རྗེས་སྐྱེ་ཁམས་སླར་གསོའི་ཇུས་གཞི་དང་།  རང་བྱུང་ལྗོངས་གཟིགས་སྟེགས་བུའི་རྒྱབ་རི་ཉིལ་བའི་བབ་བསྟུན་སྔོན་ཇུས་བཟོས་ཟིན་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།