སློབ་ཆེན་སློབ་ཐོན་པར་ཕྱོགས་པའི་ལས་ཞུགས་ལས་གཏོད་སྲིད་ཇུས་སློབ་གྲྭར་སྤེལ་བའི་བོད་ལྗོངས་ཀྱི་བྱེད་སྒོ་བོད་ལྗོངས་སློབ་ཆེན་དུ་གཉེར།

W020181015592052657071.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ10པའི་ཚེས15ཉིན་གྱི་སྔ་དྲོ།  སློབ་ཆེན་སློབ་ཐོན་པར་ཕྱོགས་པའི་ལས་ཞུགས་ལས་གཏོད་སྲིད་ཇུས་སློབ་གྲྭར་སྤེལ་བའི་སྤྱི་ལོ2018ལོའི་གཉིས་གཏོད་གཟའ་འཁོར་བྱེད་སྒོའི་བོད་ལྗོངས་ཡན་ལག་ཚོགས་རའི་བྱེད་སྒོ་བོད་ལྗོངས་སློབ་གྲྭ་ཆེ་མོར་གཉེར་བ་དང་།  ད་ཐེངས་ཀྱི་བྱེད་སྒོ་དེས་སློབ་ཆེན་སློབ་མའི་ལས་ཞུགས་གནས་བབ་དང་དེ་བཞིན་ལས་ཞུགས་ལས་གཏོད་སྲིད་ཇུས་ལ་གསལ་འགྲེལ་བྱས་པ་མ་ཟད།  སློབ་ཆེན་སློབ་མས་ཡང་དག་པའི་ལས་ཞུགས་ཀྱི་འདུ་ཤེས་དང་ལས་འདེམས་ལྟ་བ་ཡང་དག་འཛུགས་རྒྱུར་ཁྲིད་སྟོན་བྱས་ཡོད་ལ།  སློབ་ཆེན་སློབ་མས་ཁྲོམ་ར་ཅན་གྱི་ལས་ཞུགས་དང་བྱ་བཞག་གསར་གཏོད་དང་མཐུན་པ་བྱེད་དགོས་པའི་སྐུལ་ལྕག་ཀྱང་བཏང་ཡོད།

W020181015592052724540.jpg

ཤེས་རྟོགས་བྱས་པར་གཞིགས་ན།  ཉེ་བའི་ལོའི་ནང་ལྗོངས་ཏང་ཨུད་དང་སྲིད་གཞུང་གིས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལ་ཚད་མཐོའི་མཐོང་ཆེན་གནང་ནས།  བོད་ཀྱི་དོན་དངོས་དང་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ཀྱི་དགོས་མཁོ་དང་འཚམས་པའི་སྲིད་ཇུས་མ་ལག་བཏོན་སྟེ།  འཚོ་བའི་ཁ་གསབ་དང་སྡོད་ཁང་གི་ཁ་གསབ།   སློབ་རོགས་དངུལ་བུན་འཇལ་རོགས།  གསོ་སྦྱོང་ཁ་གསབ།  སྤྱི་ཚོགས་འགན་བཅོལ་ཁ་གསབ།  དངུལ་རྩའི་བུན་གཡར་སོགས་ཕྱོགས་གང་ཅིའི་ཐད་ནས་སློབ་ཆེན་སློབ་ཐོན་སློབ་མའི་ལས་ཞུགས་ལས་གཏོད་ཐད་སྲིད་ཇུས་ཀྱི་རྒྱབ་སྐྱོར་གང་མང་བྱས་ཡོད།  བསྡོམས་རྩིས་རྒྱབ་པར་གཞིགས་ན།  ད་ལོའི་ཚུན་དུ་བོད་ལྗོངས་ཀྱིས་ཁྱོན་རིགས་ཁག་གི་ལས་ཞུགས་ལས་གཏོད་སྲིད་ཇུས་དང་འབྲེལ་བའི་ཁ་གསབ་སྒོར8833སྤྲད་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།