​ཆབ་མདོའི་རི་ཉིལ་རང་བྱུང་གནོད་འཚེས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་བདེ་འཇགས་ཐད་ཤུགས་རྐྱེན་ཆེན་པོ་བཟོས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་འཕྲལ་སྡོམ་དོ་དམ་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ2018ལོའི་ཟླ10བའི་ཚེས11ཉིན་གྱི་ཐོ་རེངས་ཆུ་ཚོད6པའི་ཐོག་ཆབ་མདོ་གྲོང་ཁྱེར་འཇོ་མདའ་རྫོང་སྤོ་ལོ་ཤང་དུ་རི་ཉིལ་ནས་འགག་མཚོ་ཆགས་པར་བརྟེན།  ད་བར་ཆབ་མདོ་གྲོང་ཁྱེར་གྱི་འཇོ་མདའ་རྫོང་དང་གོ་འཇོ་རྫོང་།  སྨར་ཁམས་རྫོང་བཅས་ཀྱིས་མང་ཚོགས13637གནས་སྤོས་བྱེད་དགོས་བྱུང་བ་དང་།  མང་ཚོགས་ཀྱི་སྡོད་ཁང་དང་གྲོང་ཚོ་ཨུ་ཡོན་ལྷན་ཁང་།  ཞིང་ལས་ལོ་ཏོག་བཅས་ཁག་ཅིག་ལ་གནོད་འཚེ་ཕོག་པ་མ་ཟད་ས་ཆ་ཁག་ཅིག་ལ་འགྲོ་ལམ་འགག་ནས་རླང་འཁོར་སྐྱོད་མི་ཐུབ་པ་སོགས།  མི་དམངས་མང་ཚོགས་ཀྱི་ཚེ་སྲོག་དང་རྒྱུ་ནོར་གྱི་བདེ་འཇགས་ལ་ཤུགས་རྐྱེན་ཆེན་པོ་བཟོས་ཡོད་ན་ཡང།  བོད་རང་སྐྱོང་གློ་བུར་ས་གཤིས་གནོད་འཚེའི་འཕྲལ་སྡོམ་སྔོན་ཇུས་ཀྱི་འབྲེལ་ཡོད་གཏན་འབེབས་གཞིར་བཟུང་།  མང་ཚོགས་སྤྱིར་ན་བདེ་འཇགས་ཁུལ་དུ་གནས་སྤོས་བཀོད་སྒྲིག་བྱས་ཡོད་པ་མ་ཟད།  བོད་རང་སྐྱོང་ལྗོངས་མི་དམངས་སྲིད་གཞུང་གིས་སྤྱི་ཟླ10པའི་ཚེས13ཉིན་གྱི་ཕྱི་དྲོའི་ཆུ་ཚོད6པའི་ཐོག་ཆབ་མདོའི་ས་གཤིས་གནོད་འཚེར་རིམ་པ་དང་པོའི་འཕྲལ་སྡོམ་བྱ་ཐབས་ཀྱང་བཟུང་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།