གཞིས་རྩེ་གྲོང་ཁྱེར་གྱིས་ཇོ་མོ་གླང་མའི་བཟོ་བོའི་ལག་རྩལ་འགྲན་བསྡུར་ཆེ་མོ་སྐབས་དང་པོ་གཉེར་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྩལ་ནུས་སྦྱོང་བ་དང་། ལས་སྒོར་བརྩོན་པ། འཇོན་ཐང་ཆེ་རུ་གཏོང་བ་བཅས་ཀྱི་མང་ཚོགས་ཀྱི་ཧུར་སེམས་ཆེ་རུ་གཏོང་བ་དང་། ངལ་རྩོལ་པའི་རྩལ་ནུས་ཆུ་ཚད་དང་ལས་ཞུགས་འགྲན་རྩོད་ཀྱི་འཇོན་ཐང་ཆེ་རུ་གཏོང་བ། ངལ་རྩོལ་ནུས་ཤུགས་ངལ་ནུས་ཀྱི་རྣམ་པ་ནས་རྩལ་ནུས་ཀྱི་རྣམ་པར་འགྱུར་བར་སྐུལ་འདེད་གཏོང་བ། གཞིས་རྩེའི་དཔལ་འབྱོར་ཕྱོཌ་སྒྱུར་དང་ཐོན་ལས་རིམ་སྤོར་ལ་རམ་འདེགས་བཅས་བྱེད་ཆེད། ཚེས26ཉིན་གཞིས་རྩེ་གྲོང་ཁྱེར་གྱིས་ཇོ་མོ་གླང་མའི་བཟོ་བོའི་ལག་རྩལ་འགྲན་བསྡུར་ཆེ་མོ་སྐབས་དང་པོ་གཉེར་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། ཇོ་མོ་གླང་མའི་བཟོ་བོའི་ལག་རྩལ་འགྲན་བསྡུར་ཆེ་མོ་སྐབས་དང་པོར་རྩལ་ནུས་མཐོ་རུ་གཏོང་བ་དང་། ལས་ཞུགས་བརྟན་པོ་ཡོང་བ། འཕེལ་རྒྱས་ལ་སྐུལ་འདེད་བཅས་དམིགས་ཚད་དུ་བཟུང་བ་དང་། དུས་ཡུན་ཉིན་གཉིས་ཀྱི་རིང་གཞིས་རྩེ་གྲོང་ཁྱེར་གྱི་རྫོང(ཆུས)ཁག་དང་ཚན་པ་ཁག་གི་བདམས་ཐོན་པ300ལྷག་ཙམ་འགྲན་བསྡུར་ལ་ཞུགས་པ་རེད། འགྲན་བསྡུར་ཆེ་མོར་རྣམ་གྲངས10བཀོད་སྒྲིག་བྱས་ཡོད་པ་དག་མི་རིགས་ལག་ཤེས་བཟོ་རྩལ་རྒྱུན་འཛིན་རིགས་དང་ལས་རིགས་ལག་རྩལ་རིགས་གཉིས་ལས་གྲུབ་ཡོད། འགྲན་བསྡུར་ལ་ཕུལ་བྱུང་རྩ་འཛུགས་བྱ་དགའ་དང་མི་སྒེར་གྱི་བྱ་དགའ་བཀོད་སྒྲིག་བྱས་ཡོད་པ་དང་། གསེར་གྱི་བྱ་དགའ་ཐོབ་པའི་བདམས་ཐོན་པར་གཞིས་རྩེ་གྲོང་ཁྱེར་གྱི་ཇོ་མོ་གླང་མའི་བཟོ་བོའི་རྩལ་ནུས་འགྲན་བསྡུར་ཆེ་མོ་སྐབས་དང་པོའི་བྱེད་སྒོའི་སྒྲིག་འཛུགས་ཨུ་ལྷན་གྱིས“ཇོ་མོ་གླང་མའི་བཟོ་བོའི”གཟི་བརྗིད་མཚན་སྙན་སྤྲོད་ཀྱི་ཡོད། གཞན་ཡང་བྱ་དགའ་ཐོབ་པའི་བདམས་ཐོན་པར་འབྲེལ་ཡོད་ལས་སྣེའི་ལས་རིགས་ཐོབ་ཐང་དཔང་ཡིག་རག་པའི་གོ་སྐབས་ཡོད་པ་མ་ཟད། མཐོ་རིམ་ལས་རིགས་ཐོབ་ཐང་གི་དཔང་ཡིག་ཀྱང་སྤྲོད་ཀྱི་ཡོད་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།