བོད་ལྗོངས་ཀྱི་ཏང་ཡོན་ལས་བྱེད་པས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོའི་ཁྲོད་ཐོག་མའི་བསམ་འདུན་བརྟན་པོ་ངེས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ལམ་ལོ་ཤས་རིང་། ལྗོངས་ཡོངས་ཀྱི་རིམ་ཁག་ཏང་རྩ་འཛུགས་དང་ཏང་ཡོན་ལས་བྱེད་པས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་འོག་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་མཛུབ་ཁྲིད་དུ་བྱས་ཏེ། སློབ་སྦྱོང་སློབ་གསོ་དེ་ཏང་འཛུགས་སྐྱོང་ལས་དོན་གྱི་ལས་འགན་གལ་ཆེན་ལ་བརྩི་བ་དང་། ཇུས་གཞི་ཞིབ་ཚགས་བཟོ་བ། ལག་ལེན་གྱི་གཞི་རྟེན་གསར་གཏོད་བྱེད་པ། སློབ་སྦྱོང་དང་ཚད་ལོན་ཟུང་འབྲེལ་དང་ཤེས་སྦྱོར་གཅིག་མཐུན་མཐའ་འཁྱོངས་བྱེད་པ་བཅས་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་སྐུལ་འདེད་ནུས་ལྡན་བཏང་ཡོད་པ་རེད།

ད་ལོའི་ཚུན། ལྗོངས་ཞིང་འབྲོག་ཚན་རིག་ཁང་གིས་ཏང་གི་སྒྲིག་ཡིག་དང་སྒྲིག་སྲོལ་ལ་བརྟེན་ནས་ཏང་རྩ་འཛུགས་དང་ཏང་ཡོན་གྱི་བྱ་སྤྱོད་ཚད་ལྡན་དུ་བཏང་བ་དང་། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་རབ་དང་རིམ་པའི་དགོངས་དོན་ལ་བརྟེན་ནས་བསམ་བློར་དྲག་ཆས་སྤྲས་པ་དང་ལག་ལེན་ལ་མཛུབ་ཁྲིད་བྱས་ཏེ། “སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་རྣམ་ཅན་དང་ལམ་ལུགས་ཅན་དུ་འགྱུར་རྒྱུར་རྒྱུན་ཆད་མེད་པར་སྐུལ་འདེད་བཏང་ཡོད་པ་རེད། བྱ་ཐབས་གསར་གཏོད་བྱས་ནས་ཏང་གི་སློབ་ཚན་ཁྲིད་པ། ལྗོངས་ཏང་ཨུད་ཏང་གི་སློབ་གྲྭའི་དགེ་རྒན་ཆེ་མོ་བ་གདན་དྲངས་ནས་ཁང་དེ་ཡོངས་ཀྱི་ལས་བྱེད་ལས་བཟོར《རྩ་ཁྲིམས》དང་ཆབ་སྲིད་ཀྱི་སྒྲིག་ཁྲིམས་ལ་ཤུགས་སྣོན་རྒྱག་པ་སོགས་ཀྱི་ཐད་ཆེད་དོན་ཏང་གི་སློབ་ཚན་ཁྲིད་པ་རེད། ཉེ་འགྲམ་གྱི་དཔེ་མཚོན་སྤྱོད་པ་དང་། རང་ཉིད་ཀྱི་ཉམས་མྱོང་གླེང་བ། མཉམ་འགུལ་སྤེལ་རེས་ལ་ཤུགས་སྣོན་རྒྱག་པ། ཏང་གི་སློབ་ཚན་གྱི་ཡིད་དབང་འགུག་ཤུགས་དང་སེམས་འགུལ་ཐེབས་ཤུགས་ལ་ཤུགས་སྣོན་རྒྱག་པ་བཅས་བྱས་པ་དང་འབྲེལ། བརྗོད་དོན་གཙོ་བོའི་བྱེད་སྒོ་སྤེལ་བ་རེད།

ལྗོངས་ཚན་རྩལ་ཐིང་གིས་གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་མཐོང་ཆེན་བྱེད་པ་དང་། སློབ་སྦྱོང་དང་ཚད་ལོན་གྱི་བྱ་ཐབས་གསར་གཏོད་བྱས་ནས“སློབ་སྦྱོང་གཉིས་དང་ཚད་ལོན་གཅིག”གི་སློབ་སྦྱོང་སློབ་གསོ་རྒྱུན་ཆད་མེད་པར་གཏིང་ཟབ་ཕྱོགས་སུ་སྤེལ་རྒྱུར་སྐུལ་འདེད་ཏན་ཏིག་བཏང་ཡོད་པ་རེད། གནད་དོན་ཕྱོགས་སྟོན་དུ་འཛིན་རྒྱུར་མཐོང་ཆེན་བྱས་ནས་རྒྱུན་གཏན་དོན་འཁྱོལ་ཐུབ་རྒྱུར་དམ་འཛིན་བྱས་པ། ལྗོངས་ཚན་རྩལ་ཐིང་ཏང་རྩ་འཛུགས་ཀྱིས་རྒྱུན་གཏན་གྱི་ལས་དོན་ལ་མཛུབ་ཁྲིད་དང་ལྟ་བཤེར་བྱ་རྒྱུར་ཤུགས་སྣོན་རྒྱག་པ་དང་། ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་ལས་དོན་གྱི་ཚོགས་འདུ་འཚོགས་པ། ཏང་འཛུགས་སྐྱོང་དང་ཏང་སྲོལ་སྲིད་གཙང་འཛུགས་སྐྱོང་གི་ལས་དོན་ལ་ལྟ་སྐུལ་མཛུབ་ཁྲིད་དང་ཞིབ་བཤེར་བྱེད་པ་བཅས་བྱས་པས། སྤྱོད་ཚུལ་སྔར་བས་ལེགས་སུ་འགྲོ་རྒྱུར་སྐུལ་འདེད་ནུས་ལྡན་ཐེབས་ཡོད་པ་རེད། བྱ་ཐབས་གསར་གཏོད་ལ་མཐོང་ཆེན་བྱས་ནས་སློབ་སྦྱོང་གཏིང་ཟབ་དང་རྒྱ་སྐྱེད་སྤེལ་རྒྱུར་དམ་འཛིན་བྱས་པ། བརྒྱུད་རིམ་ལྡན་པའི་སྒོ་ནས་སློབ་སྦྱོང་དང་གཙོ་གནད་སློབ་སྦྱོང་དང་། རིགས་པའི་གཞུང་ལུགས་སློབ་སྦྱོང་དང་བརྟག་དཔྱད་ཞིབ་འཇུག སྒེར་གྱི་རང་སྦྱོང་དང་གཅིག་སྡུད་སློབ་སྦྱོང་སོགས་ཀྱི་བྱ་ཐབས་སྤྱད་པ་བརྒྱུད་ཏང་ཡོན་གྱི་སློབ་སྦྱོང་གི་ཧུར་བརྩོན་རང་བཞིན་དང་རང་འགུལ་རང་བཞིན་ཆེ་རུ་ཕྱིན་ཡོད་པ་རེད། དེ་དང་ཆབས་ཅིག་ཆབ་སྲིད་ཀྱི་འཚོ་བར་མཐོང་ཆེན་བྱས་ནས་སྣོད་བཅུད་འཛུགས་སྐྱོང་ལ་དམ་འཛིན་བྱས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།