བོད་ལྗོངས་གཞིས་ཀ་རྩེའི་སྐབས་བཅུ་དྲུག་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་འགོ་བརྩམས་པ།

ཟླ8པའི་ཚེས26ཉིན། གཞིས་ཀ་རྩེའི་རོང་འབྲོག་མང་ཚོགས་ཀྱི་འཁྲབ་སྟོན་པས་མི་རིགས་ཀྱི་ཁྱད་ཆོས་ལྡན་པའི་མི་རིགས་ཀྱི་གྱོན་ཆས་གོན་ཏེ་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་སྟེང་འཁྲབ་སྟོན་བྱེད་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ8པའི་ཚེས26ཉིན། བོད་ལྗོངས་གཞིས་ཀ་རྩེའི་སྐབས་བཅུ་དྲུག་པའི་ཇོ་མའི་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གཞིས་ཀ་རྩེ་གྲོང་ཁྱེར་ནས་སྤེལ་འགོ་བརྩམས། ཐེངས་འདིའི་ཡུལ་སྐོར་རིག་གནས་དུས་ཆེན་ནི་ཧའེ་ལུང་ཅང་ཞིང་ཆེན་དང་བོད་ལྗོངས་གཞིས་ཀ་རྩེ་གྲོང་ཁྱེར་གྱིས་མཉམ་དུ་སྤེལ་བ་ཡིན་ཏེ། བྱ་འགུལ་གྱི་ནང་དོན་ལ་འགོ་ཚུགས་མཛད་སྒོ་དང་། མཇུག་སྒྲིལ་བའི་མཛད་སྒོ། བོད་མི་རིགས་ཀྱི་སྲོལ་རྒྱུན་སྒྱུ་རྩལ་འགྲེམ་སྟོན་སོགས་རིག་གནས་ཡུལ་སྐོར་ཁྱད་ལྡན་བྱ་འགུལ་རབ་དང་རིམ་པ་འདུས།

འདི་ནི་བོད་ལྗོངས་གཞིས་ཀ་རྩེའི་སྐབས་བཅུ་དྲུག་པའི་ཇོ་མོ་གླང་མའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོའི་ཡུལ་དངོས་རེད།(ཟླ8པའི་ཚེས26ཉིན་པར་བླངས)

འདི་ནི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་སྟེང་བོད་ཀྱི་ཟློས་གར་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།(ཟླ8པའི་ཚེས26ཉིན་པར་བླངས)

འདི་ནི་ཟླ8པའི་ཚེས26ཉིན་འཁྲབ་སྟོན་པས་རིག་གནས་ཡུལ་སྐོར་དུས་ཆེན་གྱི་འགོ་ཚུགས་མཛད་སྒོ་སྟེང་དམངས་ཁྲོད་ཀྱི་ཞབས་བྲོ་འཁྲབ་སྟོན་བྱེད་བཞིན་པའི་ཚུལ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།