པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་བོད་ལྗོངས་རྒྱ་ཚྭ་རྫོང་དུ་རྟོག་ཞིབ་གནང་པ་དང་འབྲེལ་ཆོས་ཕྱོགས་ཀྱི་མཛད་རིམ་བསྐྱངས་པ།

1.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རྫམས་ཆུ་གློག་ས་ཚིགས་སུ་ཕེབས་འབྱོར་བྱུང་ཡོད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ལོ་ངོ8ཕྱིན་རྗེས་སུ། རྒྱལ་ཡོངས་སྲིད་གྲོས་ཀྱི་རྒྱུན་ཨུ་དང་ཀྲུང་གོའི་ནང་བསྟན་མཐུན་ཚོགས་ཀྱི་ཚོགས་གཙོ་གཞོན་པ་པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་ཉིན་ཤས་གོང་བོད་རང་སྐྱོང་ལྗོངས་ལྷོ་ཁ་གྲོང་ཁྱེར་དུ་ཕེབས་འབྱོར་བྱུང་ནས་རྟོག་ཞིབ་གནང་པ་དང་འབྲེལ་ཆོས་ཕྱོགས་ཀྱི་མཛད་རིམ་བསྐྱངས་པ་རེད། ཟླ8པའི་ཚེས17ཉིན་ནས་ཚེས18ཉིན་བར།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལྷོ་ཁ་གྲོང་ཁྱེར་རྒྱ་ཚྭ་རྫོང་དུ་ཕེབས་ནས་རྫམས་ཆུ་གློག་ས་ཚིགས་ལ་རྟོག་ཞིབ་གནང་པ་མ་ཟད་དྭགས་པོ་བཤད་སྒྲུབ་གླིང་དགོན་དུ་ཕེབས་ནས་མཆོད་མཇལ་དང་འབྲེལ་ས་གནས་དེ་གའི་སེར་སྐྱ་དད་ལྡན་མང་ཚོགས་ཚེ་ལྷའི་དབང་གནང་པ་དང་།  དེའི་རིང་།པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ད་དུང་ལྷ་མོ་བླ་མཚོར་ཕེབས་ནས་མཚོ་མཆོད་དང་མཆོད་མཇལ་ཡང་གནང་པ་རེད།

བོད་ཀྱི་ཤར་ལྷོའི་ཡར་ཀླུང་གཙང་པོའི་བར་རྒྱུད་དུ་གནས་པའི་རྒྱ་ཚྭ་ནི་རྒྱ་བཟའ་ཀོང་ཇོ་དེ་གར་བརྒྱུད་དུས་ཚྭ་ཕུང་ཞིག་གནས་དེར་ལུས་པར་རྐྱེན་བྱས་ནས་མིང་དེ་ལྟར་བཏགས་པར་གྲགས།

ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ནས་ཞིང་ཆེན་གཞུང་ལམ306བརྒྱུད་དེ་རླངས་འཁོར་ནང་སྐར་མ་40 ལྷག་ཙམ་བསྐྱོད་པ་ན། རི་བོ་གཉིས་བར་གཙང་པོ་གཅིག་བཞུར་པའི་གྲོག་རོང་ཞིག་ཏུ་སླེབས་པ་དང་། སྨད་རྒྱུད་དུ་ཆུ་རགས་ཀྱིས་བཅད་ཡོད་པའི་དབང་གིས་དྲག་ཏུ་རྒྱུག་པའི་ཡར་ཀླུང་གཙང་པོར་འདི་གར་ལྷོད་འཇགས་ཀྱི་རྣམ་པ་མངོན་འདུག་ཅིང་། ལུང་བའི་མདོ་རུ་ཆུ་གློག་ལས་གྲྭ་ཆེ་གྲས་ཏེ་བོད་ཀྱི་ཨང་དང་པོ་མང་པོ་ཞིག་གསར་སྐྲུན་བྱེད་མྱོང་པའི་རྫམས་ཆུ་གློག་ས་ཚིགས་ཀྱིས་མཐོང་སྣང་གི་གཙང་པོ་ནི་མངོན་མེད་ཀྱི་གློག་རྒྱུན་ཆེན་པོ་ཞིག་ཏུ་བསྒྱུར་ཡོད་པ་རེད།

2.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་རྫམས་ཆུ་གློག་ས་ཚིགས་ལ་རྟོག་ཞིབ་གནང་བཞིན་པ།

ཚེས17ཉིན་གྱི་སྔ་དྲོར། པཎ་ཆེན་རིན་པོ་ཆེ་སྐུ་ཕྲེང་བཅུ་གཅིག་པ་མཆོག་རྫམས་ཆུ་གློག་ས་ཚིགས་ལ་རྟོག་ཞིབ་གནང་བར་ཕེབས་པ་རེད། 2015ལོའི་ཟླ10 པར་རྫམས་ཆུ་གློག་ས་ཚིགས་ཁྱོན་ཡོངས་ནས་སྤྱོད་འགོ་ཚུགས་པ་དང་། དེས་ནི་བོད་ཀྱི་དགུན་དུས་གློག་དཀོན་པའི་གནས་ཚུལ་དེ་ཁྱོན་ཡོངས་ནས་ཞི་ལྷོད་དུ་བཏང་པ་དང་། མིག་སྔའི་བར་དུ། རིམ་རྩིས་བརྒྱབ་ན་གློག་གཏོང་ཚད་ཆན་ཝ་ཧྲི་དུང་ཕྱུར62.5སླེབས་ཡོད་པ་རེད།

འབྲེལ་ཡོད་འགན་ཁུར་པས་ཆུ་གློག་ས་ཚིགས་སྐོར་གྱི་གནས་ཚུལ་ངོ་སྤྲོད་མདོར་བསྡུས་ལ་གསན་སྐབས།  ཉ་རིགས་ཀྱི་འཚོ་གནས་དང་རྒྱུད་སྤེལ་ལ་ཅི་ནུས་ཀྱིས་གནོད་སྐྱོན་མི་ཐེབས་པ་ཡོང་ཆེད། ཆུ་གློག་ས་ཚིགས་ཀྱིས་ཆེད་དུ་སྤྱི་ལེ4ཡི་རིང་ཚད་ཀྱི་ཉའི་རྒྱུ་ལམ་བཟོས་ཡོད་པ་རྟོགས་རྗེས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་བྱེད་ཐབས་དེར་བསྔགས་བརྗོད་ཡང་ཡང་གནང་པ་མ་ཟད། ཉའི་རྒྱུ་ལམ་གྱི་ནུས་པ་དང་ཉ་རྒྱུ་བའི་དུས་ཚིགས་ཐད་མཁྱེན་རྟོགས་ཞིབ་ཕྲ་གནང་པ་རེད།

3.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རྫམས་ཆུ་གློག་ས་ཚིགས་སུ་ཕེབས་འབྱོར་བྱུང་ཡོད་པ།

4.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རྫམས་ཆུ་གློག་ས་ཚིགས་སུ་ཕེབས་འབྱོར་བྱུང་ཡོད་པ།

རྟོག་ཞིབ་མཇུག་སྒྲིལ་རྗེས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལམ་ཐག་རིང་པོའི་དཀའ་ཁག་དང་ངལ་དུལ་མ་འཛེམ་པར་ངལ་གསོ་ཅུང་ཙམ་གནང་རྗེས། དྭགས་པོ་བཤད་སྒྲུབ་གླིང་དགོན་དུ་ཕེབས་ནས་མཆོད་མཇལ་གནང་པ་མ་ཟད་ས་གནས་དེ་གའི་སེར་སྐྱ་དད་ལྡན་མང་ཚོགས་ལ་ཚེ་ལྷའི་དབང་གནང་པ་ཡིན་ལ། ལག་ཏུ་བསང་ཕོར་ཐོགས་ཤིང་དང་རྒྱ་གླིང་གཏོང་བའི་དགེ་འདུན་པའི་སྡེས་ལམ་སྣ་ཁྲིད་པ་དང་། གདུགས་སེར་པོ་ཐོགས་མཁན་དགེ་འདུན་པའི་སྡེའི་ཕེབས་རོགས་འོག  པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དྭགས་པོ་བཤད་སྒྲུབ་གླིང་དགོན་གྱི་ལྷ་ཁང་ཕྱོགས་སུ་བསྐྱོད་དེ་མཆོད་མཇལ་གནང་ཞིང་། མཆོད་མཇལ་རྫོགས་རྗེས་ཁོང་ཉིད་ཁྲིར་བཞུགས་ནས་སྨོན་ལམ་གསུང་པ་མ་ཟད་བྱམས་བརྩེའི་འཛུམ་མདངས་དང་བཅས་དགེ་འདུན་པ་ཚོས་མཎྜལ་སོགས་ཕུལ་བ་དང་ལེན་གནང་ནས་ཁོ་ཚོར་ཕྱག་དབང་གནང་ཞིང་སྦྱིན་པ་བཏང་པ་རེད།

5.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དྭགས་པོ་བཤད་སྒྲུབ་གླིང་དགོན་དུ་བཞུགས་པ།

6.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དྭགས་པོ་བཤད་སྒྲུབ་གླིང་དགོན་དུ་དགེ་འདུན་པས་མཚན་ཉིད་རྩོད་པར་གཟིགས་བཞིན་པ།

8.jpg

བཀའ་ཆོས་གསུང་པའི་ཡུལ་དངོས།

9.jpg

10.jpg

ཡུལ་དངོས་ཀྱི་དད་ལྡན་མང་ཚོགས།

རྒྱ་ཚྭ་རྫོང་མཁར་དུ་ཆགས་པའི་དྭགས་པོ་བཤད་སྒྲུབ་གླིང་དགོན་ནི་དམ་པའི་ཆོས་ལ་སྒྲུབ་སྦྱོང་བྱེད་སའི་གནས་ཞེས་ངོས་འཛིན་གྱི་ཡོད་ཅིང་། དེ་ཡང་མཚན་ཉིད་རྩོད་པ་ནི་བོད་བརྒྱུད་ནང་བསྟན་གྱི་ཁྲོད་ཤུགས་རྐྱེན་ཤིན་ཏུ་ཆེན་པོ་ལྡན་ཞིང་། ཆོས་རྩོད་ལ་གཟིགས་ཚར་རྗེས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སེར་སྐྱ་དད་ལྡན་མང་ཚོགས་ལ་ཚེ་ལྷའི་དབང་གནང་པ་ཡིན་ལ། སྤྱོད་ལམ་བབ་ཆགས་པའི་རིན་པོ་ཆེ་ཁོང་ཉིད་ཀྱིས་སྐད་ངག་སྙན་མོས་སྨོན་ལམ་གསུང་སྟེ་སེར་སྐྱ་དད་ལྡན་མང་ཚོགས་ལ་རང་ཉིད་ཀྱི་ལུས་སེམས་རྣམ་དག་ཡོང་རྒྱུ་དང་།  མ་གྱུར་སེམས་ཅན་ཐམས་ཅད་ལ་ཕན་པའི་ལས་སྒྲུབ་པའི་སློབ་སྟོན་གནང་པ་དང་། དེར་མཐུད་ནས།་ཁོང་གིས་ནང་བྱན་ཆུད་པའི་སྒོས་ཆོས་ཀྱི་ཆོ་ག་ཕྱག་ལེན་ལྟར་གསང་སྔགས་ཀྱི་བཀའ་ལུང་བསྩལ་ཞིང་། དེ་གར་ཡོད་པའི་དགེ་འདུན་པ་ཚོས་ལག་ཟུང་ཐལ་མོ་སྦྱར་ཏེ་བློ་རྩེ་གཅིག་སྒྲིམ་གྱིས་བཀའ་ལུང་ལ་གསན་བཞིན་འདུག

11.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སེར་སྐྱ་དད་ལྡན་མང་ཚོགས་ལ་ཚེ་ལྷའི་དབང་གནང་བཞིན་པ།

12.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སེར་སྐྱ་དད་ལྡན་མང་ཚོགས་ལ་ཚེ་ལྷའི་དབང་གནང་བཞིན་པ།

13.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སེར་སྐྱ་དད་ལྡན་མང་ཚོགས་ལ་ཚེ་ལྷའི་དབང་གནང་བཞིན་པ།

སྨོན་ལམ་དང་བཀའ་ཆོས་གསུང་ཚར་རྗེས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གི་ཞལ་ངོར་འཛུམ་གྱིས་ཁེངས་ཏེ། ཕྱག་གཡས་པས་ཚེ་རིང་བུམ་པ་ཐོགས་ཤིང་བུམ་པའི་ཞབས་ནི་དད་ལྡན་སེར་སྐྱ་མང་ཚོགས་ཀྱི་མགོར་གཏུག་ནས་ཕྱག་དབང་གནང་པ་དང་། དེའི་འཕྲོར་དགེ་འདུན་པ་ཚོས་དད་ལྡན་མང་ཚོགས་རེ་རེར་བུམ་ཆུ་དང་ཚོགས་རྫས་གཏོར་པ་རེད། ཚེ་ལྷའི་དབང་གི་བྱེད་སྒོ་མཇུག་འགྲིལ་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དད་ལྡན་མང་ཚོགས་ལ་ཕྱག་དབང་ཡང་གནང་པ་རེད།

14.jpg

དགེ་འདུན་པ་རྣམས་ཀྱིས་དད་ལྡན་མང་ཚོགས་ལ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པའི་བྱིན་རླབས་ཀྱིས་བྱུགས་པའི་བུམ་ཆུ་དང་ཚོགས་རྫས་གཏོར་བཞིན་པ།

15.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པས་དད་ལྡན་མང་ཚོགས་ལ་ཕྱག་དབང་གནང་བཞིན་པ།

ཟླ8པའི་ཚེས18ཉིན། བོད་ལུགས་དང་ལུགས་རྙིང་གི་ཟླ་བདུན་པའི་ཚེས་པ་བརྒྱད་ཉིན་ལ་འཁེལ་ཡོད་ཅིང་དེ་ནི་བཀྲ་ཤིས་པའི་ཉིན་མོ་ཞིག་རེད། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལྷ་མོ་བླ་མཚོར་ཕེབས་ནས་མཚོ་མཆོད་དང་མཆོད་མཇལ་གནང་པ་ཡིན་ལ། ལྷ་མོ་བླ་མཚོར་བོད་བརྒྱུད་ནང་བསྟན་གྱི་ཡང་སྲིད་ངོས་འཛིན་ཁྲོད་གོ་གནས་གལ་ཆེན་ཡོད་དེ། ཏཱ་ལའི་བླ་མ་དང་པཎ་ཆེན་ཨེར་ཏེ་ནི་སོགས་བླ་སྤྲུལ་ཆེ་ཁག་གི་ཡང་སྲིད་ངོས་འཛིན་ཐེངས་རེར། དེ་གར་ཡོང་ནས་མཚོ་ནང་ལ་བརྟག་སྟེ་ལུང་བསྟན་ལ་བསྟེན་པའི་སྲོལ་ཡོད་པ་རེད། ངག་རྒྱུན་ལྟར་ན།མཚོ་དེར་མཇལ་མཁན་དད་ལྡན་མང་ཚོགས་ཀྱིས་དད་པ་རྩེ་གཅིག་གིས་མཚོ་ནང་དུ་རྒྱང་ལྟ་བྱས་ཚེ།  མཚོ་ནང་དུ་རྟགས་དང་རྟེན་འབྲེལ་རྣམ་པ་འདྲ་མིན་སྣ་ཚོགས་འཆར་སྲིད་པས་ཀུན་གྱིས་ཀྱང་དེར་དད་པ་རྣམ་དག་བྱེད་ཀྱི་ཡོད་ཅིང་། ལྷ་མོ་བླ་མཚོའི་འགྲམ་ངོགས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཁྲི་སྟེང་ལ་བཞུགས་ཤིང་། ཆོས་ལུགས་ཀྱི་ཆོ་ག་ལྟར་འཛམ་གླིང་ཞི་བདེ་ཡོང་རྒྱུ་དང་རྒྱལ་ཁབ་དར་ཞིང་དམངས་རྣམས་བདེ་བ། ཆར་ཆུ་དུས་སུ་འབབ་པ།འགྲོ་ཀུན་བདེ་སྐྱིད་ལྡན་པའི་གསོལ་སྨོན་བཏབ་ཞིང་།མཆོད་འབུལ་སོགས་ཀྱི་མཛད་རིམ་མཇུག་རྫོགས་རྗེས། དགེ་འདུན་པ་གཉིས་ཀྱིས་བུམ་གཏེར་ཁྱེར་ཏེ་མཚོ་ཁར་སོང་ནས་སྔ་ས་ནས་གྲ་སྒྲིག་བྱས་པའི་དར་སྐུད་སྟེང་བུམ་པ་བཏེགས་ནས་ཆུའི་ཕ་རོལ་གྱི་དགེ་འདུན་པར་འཐེན་དུ་བཅུག་ནས་རིམ་གྱིས་མཚོ་གཏིང་དུ་ནུབ་པར་བྱས།

16.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལྷ་མོ་བླ་མཚོའི་མཚོ་འགྲམ་དུ་ཆོས་ཕྱོགས་ཀྱི་མཛད་རིམ་བསྐྱངས་པ།

17.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ལྷ་མོ་བླ་མཚོའི་མཚོ་འགྲམ་དུ་གསོལ་བ་སྨོན་ལམ་འདེབས་བཞིན་པ།

མཚོ་མཆོད་དང་མཆོད་མཇལ་མཇུག་འགྲིལ་རྗེས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དད་པ་རྩེ་གཅིག་སྒོས་མཚོ་ནང་ལ་གཟིགས་ནས་ཡོད་པ།

18.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་མཚོ་འགྲམ་ནས་སྨོན་ལམ་འདེབས་བཞིན་པ། 

19.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་དད་པ་རྩེ་གཅིག་སྒོས་བླ་མཚོར་གཟིགས་བཞིན་པ།

20.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལྷ་མོ་བླ་མཚོའི་མཚོ་འགྲམ་དུ་བཞུགས་ཡོད་པ།

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།