2018ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་ཚོང་འགུགས་རྣམ་གྲངས45མིང་རྟགས་བཀོད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་ཚོང་འགུག་མ་འདྲེན་རྣམ་གྲངས་འོས་སྦྱོར་ཚོགས་འདུ་དང་གཅིག་སྡུད་ཀྱིས་གན་རྒྱ་འཇོག་པའི་མཛད་སྒོ་དེ་ལྷ་སར་རྒྱལ་ཁའི་ངང་འཚོགས། པེ་ཅིང་དང་ཧྲང་ཧའེ། ཅང་སུའུ། ཀྲེ་ཅང་། སི་ཁྲོན་སོགས་ཞིང་ཆེན་དང་གྲོང་ཁྱེར་གྱི་ཁེ་ལས་པའི་འཐུས་མི་དང་ལྷ་ས་གྲོང་ཁྱེར། རྫོང་དང་ཆུས། གླིང་ཁུལ། གྲོང་ཁྱེར་ཐད་གཏོགས་སྡེ་ཚན་གྱི་འབྲེལ་ཡོད་འགོ་ཁྲིད་བཅས་མི300ལྷག་ཙམ་ཐེངས་འདིའི་བྱེད་སྒོར་ཞུགས།

W020180814599238549813.jpg

2018ལོའི་ལྷ་སའི་ཞོ་སྟོན་དུས་ཆེན་གྱི་ཚོང་འགུགས་མ་འདྲེན་གྱི་མིང་རྟགས་འགོད་པའི་མཛད་སྒོ།

འོས་སྦྱོར་ཚོགས་འདུའི་ཐོག་ལྷ་ས་གྲོང་ཁྱེར་གྱིས་ཕྱི་ཕྱོགས་སུ་རྣམ་གྲངས70འོས་སྦྱོར་ངོ་སྤྲོད་བྱས། ། ཐེངས་འདིར་གན་རྒྱར་མིང་རྟགས་བཀོད་པའི་རྣམ་གྲངས་ཁྱོན45ཡོད་པ་དང་ཁྱོན་མ་དངུལ་སྒོར་དུང་ཕྱུར102.05ཟིན། དེའི་ནང་དངོས་གཞིའི་གན་རྒྱའི་རྣམ་གྲངས34དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར83.39དང་། འདོད་འདུན་གན་རྒྱའི་རྣམ་གྲངས11དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར18.66ཡིན། གར་སྟེགས་སུ་བུད་ནས་མིང་རྟགས་བཀོད་པའི་རྣམ་གྲངས23དང་། ཁྱོན་མ་དངུལ་སྒོར་དུང་ཕྱུར70.75ཡིན། དེའི་ནང་དངོས་གཞིའི་གན་རྒྱའི་རྣམ་གྲངས19ཡི་ཁྱོན་མ་དངུལ་སྒོར་དུང་ཕྱུར70.77དང་། འདོད་འདུན་གན་རྒྱའི་རྣམ་གྲངས4ཡི་ཁྱོན་མ་དངུལ་སྒོར་དུང་ཕྱུར8.98ཟིན།

ཉེ་བའི་ལོ་ཤས་རིང་། ལྷ་ས་གྲོང་ཁྱེར་གྱིས་ཚོང་རས་ཐོན་ཁུངས་བགོ་སྒྲིག་ཁྲོད་ཀྱི་ཐག་གཅོད་རང་བཞིན་གྱི་ནུས་པ་འདོན་སྤེལ་གང་ལེགས་བྱས་ཏེ། མཁོ་སྤྲོད་ཕྱོགས་ཀྱི་གྲུབ་ཆའི་རང་བཞིན་སྒྱུར་བཅོས་ལ་སྐུལ་འདེད་གཏིང་ཟབ་བཏང་བ་དང་། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་བྱས། ལྷ་ས་གྲོང་ཁྱེར་ཕྱོགས་ཡོངས་ནས་ཕྱི་ཕྱོགས་ལ་སྒོ་མོ་འབྱེད་པ་གཏིང་ཟབ་པོས་མགྱོགས་སུ་གཏོང་བ་དང་། གཙོ་གནད་ཐོན་ལས་འཕེལ་རྒྱས་ལ་ཤུགས་ཆེན་བཏོན་ནས། མ་དངུལ་འཇོག་ཚད་མཐོན་པོར་སླེབས་པར་དངོས་གནས་ཕན་ནུས་བྱུང་། ཚོང་བདག་ཆེན་པོ་འགུགས་པ་དང་ཚོང་འགུགས་ཆེན་པོའི་ཐད་ཤུགས་བརྒྱབ་པ་དང་། ཚོང་འགུགས་མ་འདྲེན་དེ་གལ་ཆེའི་ནང་གི་དོན་ཆེན་གྱི་གནས་སུ་བཞག་ནས་རྒྱུན་འཁྱོངས་བྱས། “གློད་སྡོམ་ཞབས་གསུམ་”གྱི་སྒྱུར་བཅོས་ལ་སྐུལ་འདེད་བཏང་ནས། ལྷ་སའི་མ་འཇོག་དང་ལས་རིགས་དར་རྒྱས་གཏོང་མཁན་གྱི་ཚོང་པ་ལ་ཚོང་གཉེར་ཁོར་ཡུག་བཟང་པོ་ཞིག་མཁོ་འདོན་བྱས། ཚོང་པ་རྣམས་གཉེན་ཉེ་ལྟ་བུར་བརྩིས་ཏེ་ཞབས་ཞུ་ཆེས་བཟང་བོ་བྱས། ལག་གདང་གཅིག་ཏུ་སྦྲེལ་ནས་ལྷ་སའི་དཔལ་འབྱོར་དང་སྤྱི་ཚོགས་སྤུས་ཚད་མཐོ་བའི་འཕེལ་རྒྱས་རིམ་སྒྱུར་ལ་ཐུན་མོང་ཐོག་སྐུལ་འདེད་བཏང་།

W020180814599238546515.jpg

ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་འགོ་ཁྲིད་ཀྱིས་ལྷ་ས་གྲོང་ཁྱེར་གྱི་མ་འཇོག་ཁོར་ཡུག་དང་གཙོ་གནད་གོང་འཕེལ་གཏོང་བའི་ཁྱབ་ཁོངས་ཁག་འོས་སྦྱོར་བྱེད་བཞིན་པ།

ཟམ་མི་ཆད་པར་དངུལ་འཇོག་ཁོར་ཡུག་ལེགས་སྒྱུར་དང་“བུ་རྫི་རྣམ་པའི་”ཞབས་ཞུས་ཁྱེད་ལ་དགའ་བསུ་ཞུ། རྒྱལ་ཁབ་ཀྱི་“རྒྱུད་གཅིག་ལམ་གཅིག་”གི་གྲོས་འགོ་སྒོ་ཀུན་ནས་ལག་བསྟར་བྱས་པ་དང་བསྟུན། ལྷ་ས་ནི་ཨེ་ཤེ་ཡ་ལྷོ་མར་སྒོ་ཕྱེ་བའི་ལྟེ་བའི་གྲོང་ཁྱེར་ཞིག་ཡིན་པའི་ངོས་ནས། “རྒྱུད་གཅིག་ལམ་གཅིག་”རྒྱུད་ཀྱི་གྲོང་ཁྱེར་གལ་ཆེན་ཞིག་ཡིན། ལྷ་ས་གྲོང་ཁྱེར་ཀྱིས་ཤེས་ལྡན་མི་སྣ་དང་མ་རྩ། ལག་རྩལ་སོགས་རྩེར་སོན་པའི་རྒྱུ་རྐྱེན་མང་པོ་སྐོང་འགུགས་བྱས་ཏེ། རྒྱལ་ཁབ་ཕྱི་ནང་གི་ཉོ་ཚོང་མཉམ་འདྲེས་འཕེལ་རྒྱས་ཀྱི་ལས་སྟེགས་བསྐྲུན་ཏེ། ཕྱི་ནང་གི་ཚོང་ར་ཕན་ཚུན་འབྲེལ་མཐུད་དང་། བོད་རང་སྐྱོང་ལྗོངས་ཀྱི་འཕེལ་རྒྱས་ལ་སྣེ་ཁྲིད་དང་ཞབས་ཞུ་སོགས་ཀྱི་ཐད་མདུན་ལམ་ཆེན་པོ་ཡོད།

རྒྱལ་ཁབ་ཀྱི་ནུབ་རྒྱུད་ཐོན་འབྱེད་ཆེ་མོའི་འཐབ་ཇུས་ལག་བསྟར་གཏིང་ཟབ་བྱས་པས། ལྷ་ས་ནི་བོད་ལྗོངས་དང་ཐ་ན་ཀྲུང་གོའི་ནུབ་རྒྱུད། ཨེ་ཤེ་ཡ་ལྷོ་མའི་འགྲིམ་འགྲུལ་གྱི་ལྟེ་བའི་གནས་བབ་གལ་ཆེན་མངོན་གསལ་དོད་དུ་སོང་ཡོད། “བསྐོར་བ་གཅིག་དང་ཕྱོགས་བཞིར་འཕྲོས་པའི་”འགྲིམ་འགྲུལ་རྐང་འཛིན་གྱི་དྲ་བ་གྲུབ་ཡོད། གྲོང་ཁྱེར་དང་གྲོང་གསེབ་ཀྱི་འགྲིམ་འགྲུལ་གཞི་གཅིག་ཅན་མངོན་འགྱུར་བྱུང་། མཚོ་བོད་ལྕགས་ལམ་དང་ལྷ་གཞིས་ལྕགས་ལམ། མདོ་དབུས་གཞུང་ལམ། ཁྲོན་བོད་གཞུང་ལམ། མཁའ་ཐོག་སྐྱེལ་འདྲེན། སྦུག་ལམ་སྐྱེལ་འདྲེན་སོགས་གཞི་གཅིག་ཏུ་འདུས་པའི་ཕྱོགས་བསྡུས་འགྲིམ་འགྲུལ་དབོར་འདྲེན་གྱི་དྲ་བ་འཛུགས་སྐྲུན་བྱས་པས། ལྷ་ས་ལྟེ་བ་བྱས་པའི་“ཆུ་ཚོད་གསུམ་གྱི་ཕྱོགས་བསྡུས་འགྲིམ་འགྲུལ་ཁུལ་”གྲུབ་ཡོད།

“ཁྱད་ཆོས་གནད་འཛིན་དང་གནས་འཆོལ་འཕེལ་རྒྱས་”ཀྱི་རྩ་དོན་ལྟར། ལྷ་ས་གྲོང་ཁྱེར་གྱིས་རྫོང་(ཆུས་)ཁག་གི་ཐོན་ལས་འཕེལ་རྒྱས་ལ་སྣེ་ཁྲིད་རང་བཞིན་དང་འཐབ་ཇུས་རང་བཞིན། མ་ལག་རང་བཞིན། ཐོད་བརྒལ་རང་བཞིན་གྱིས་འཆར་འགོད་བྱས། རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལ་དང་ལྷ་སའི་མཐོ་གསར་ཁུལ་(སྣེའུ་ཁུལ་གསར་) ། བོད་ལྗོངས་རིག་གནས་གསར་སྤེལ་གླིང་། དོན་གྲུབ་དངུལ་རྩའི་ཐོན་ལས་གླིང་དང་སྟག་རྩེའི་བཟོ་ལས་གླིང་། ཆུ་ཤུར་བཟོ་ལས་གླིང་། སྟོད་ལུང་བདེ་ཆེན་གྱི་བཟོ་ལས་གླིང་འཛུགས་སྐྲུན་བཅས་ལ་ནུས་ཤུགས་ཡོད་རྒུས་སྐུལ་འདེད་གཏོང་བ་དང་། གླིང་ཁུལ་གྱི་བྱེད་ནུས་ཟམ་མི་ཆད་པར་འཐུས་ཚང་དུ་གཏོང་བ། མ་འཇོག་ཁོར་ཡུག་ཟམ་མི་ཆད་པ་ལེགས་སྒྱུར། དང་ལེན་བྱེད་ནུས་ཟམ་མི་ཆད་པར་ཆེ་རུ་ཕྱིན་ཡོད།

དུས་མཚུངས་སུ། ལྷ་ས་གྲོང་ཁྱེར་གྱིས་སྲིད་ཇུས་ཀྱི་རོགས་སྐྱོར་དང་ཁྲལ་འབབ་ཀྱི་རོགས་སྐྱོར། ནོར་སྲིད་ཀྱི་རྒྱབ་སྐྱོར། གཏན་འཇགས་རྒྱུ་ནོར་ལ་མ་དངུལ་འཇོག་པ་དང་ཚན་རྩལ་བྱ་དགའ་སྤྲོད་པ། དངུལ་རྩའི་གཟིགས་སྐྱོང་། ཐེམ་ཐོའི་གཟིགས་སྐྱོང་། ཁེ་ལས་ཚོང་རར་ཞུགས་པར་རོགས་སྐྱོར། “གློད་སྡོམ་ཞབས་གསུམ་”འཕེལ་རྒྱས་གཏིང་ཟབ་ཏུ་གཏོང་བ་སོགས་ཕྱོགས་གང་ཅིའི་ཐད་མ་དངུལ་འཇོག་མཁན་དང་ཁེ་ལས་ཀྱི་བྱ་རིམ་ཧྲིལ་པོར་“བུ་རྫིའི་རྣམ་པའི་”ཞབས་ཞུ་ཁྱོན་ཡོངས་ནས་ལག་བསྟར་བྱས་པས། མ་དངུལ་འཇོག་མཁན་གྱི་ལྷ་སར་དངུལ་གཏོང་ལས་རིགས་གོང་འཕེལ་ལ་འགན་ལེན་བྱས། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།