མཁའ་དབྱིངས་ཀྱི་བོད་ལྗོངས་སྦྲག་སྲིད་ཁང་གིས་བསྐྱར་བསྐྲུན་བྱས་རྗེས་མགྲོན་པོ་བསུས་བ།

F201807261254598026707958.jpg

F201807261255087756707959.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི་5200ཡོད་པའི་ཇོ་མོ་གླང་མའི་སྒར་ས་ཆེན་པོའི་མཁའ་དབྱིངས་ཀྱི་བོད་ལྗོངས་སྦྲག་སྲིད་ཁང་གིས་བསྐྱར་བསྐྲུན་བྱས་རྗེས་མགྲོན་པོ་བསུ་བཞིན་ཡོད་པ་རེད། བསྐྱར་བསྐྲུན་བྱས་རྗེས་ཀྱི་སྦྲག་སྲིད་ཁང་དུ་བོད་ལྗོངས་ཀྱི་ས་གནས་ཁྱད་ཆོས་མང་པོ་བཀོད་སྒྲིག་བྱས་ཡོད་ལ། ཁྱད་ཆོས་ལྡན་པའི་སྐོགས་མེད་འཕྲིན་ཡིག་དང་། སྦྲག་རྟགས་བསྡུ་གསོག  ཐམ་ག་བརྒྱབ་པའི་དྲན་རྟེན་སྦྲག་རྟགས་སོགས་ཡོད་པ་མ་ཟད་ད་དུང་མྱུར་སྐྱེལ་གྱི་ལས་སྒོ་ཁ་སྣོན་བྱས་ཡོད་པ་རེད། ཉེ་འཁོར་གྱི་རང་བྱུང་ཁོར་ཡུག་དང་གནམ་གཤིས་དབང་གིས། སྦྲག་སྲིད་ཁང་དེ་ཟླ4པའི་ཚེས15ནས་ཟླ10ཚེས10ཉིན་བར་གཉེར་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།