2018ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་ཟླ8ཚེས11ཉིན་འགོ་ཚུགས་རྒྱུ་རེད།

F201807271302528466708056.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2018ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་ཟླ8ཚེས11ཉིན་ནས17ཉིན་བར་ལྷ་ས་གྲོང་ཁྱེར་དུ་ཚོགས་རྒྱུ་ཡིན་པ་རེད། གནའ་གྲོང་གི་ལོ་གཅིག་དུས་གཅིག་གི་རིག་གནས་ཡུལ་སྐོར་གྱི་བྱེད་སྒོ་གཟབ་རྒྱས་ཞིག་ཡིན་པའི་ཆ་ནས། ད་ལོའི་བྱེད་སྒོ་རབ་དང་རིམ་པའི་ནང་སྲོལ་རྒྱུན་གྱི་གོས་སྐུ་བཀྲམ་པ་དང་ལྷ་མོའི་འཁྲབ་སྟོན་ཕུད། གཞན་ད་དུང་སྲོལ་རྒྱུན་གྱི་རྟ་རྩལ་འགྲན་བསྡུར་དང་། གཡག་རྒྱུག ཐང་གའི་འགྲེམས་སྟོན། སྲོལ་རྒྱུན་གྱི་མི་རིགས་རྒྱན་གོས་ངོམ་སྟོན་སོགས་ཡོད་པ་རེད།

ལྷ་ས་གྲོང་ཁྱེར་སྲིད་གཞུང་གིས་ཚེས25ཉིན་ཡོངས་བསྒྲགས་ཚོགས་འདུ་འཚོགས་ནས།  ལྷ་ས་གྲོང་ཁྱེར་གྱི་ཧྲི་ཀྲང་གཞོན་པ་ཀྲོའུ་ཅན་ཧུང་གིས2018ལོའི་ཀྲུང་གོའི་ལྷ་སའི་ཞོ་སྟོན་སྐབས་བྱེད་སྒོ་ཆེན་པོ10ལ་སྤེལ་རྒྱུ་ཡིན་པ་དང་།  གཙོ་ཆེའི་བྱེད་སྒོ་ནི་སྲོལ་རྒྱུན་ལྟར་ཟླ8ཚེས11ཉིན་གྱི་ཞོགས་པ་འབྲས་སྤུངས་དང་སེ་ར་དགོན་ཁག་སོ་སོར་གོས་སྐུ་བཀྲམ་རྒྱུ་དང་།  ཟླ8ཚེས11ནས17ཉིན་བར་ནོར་བུ་གླིང་ག་དང་ཀླུ་ཁང་དུ་ལྷ་མོའི་འཁྲབ་སྟོན་བྱ་རྒྱུ་ཡིན་ཞེས་ངོ་སྤྲོད་གནང་བ་རེད།

timg.jpg

ཁྱད་ཆོས་ལྡན་པའི་བྱེད་སྒོ་ད་དུང་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འགྲན་བསྡུར་ཡོད་པ་དང་། དེ་ཟླ8ཚེས13ཉིན་གྱི་སྔ་དྲོ་ལྷ་ས་གྲོང་ཁྱེར་བྱང་ཕྱོགས་སུ་ཡོད་པའི་རྟ་རྒྱུག་ར་བར་སྤེལ་རྒྱུ་ཡིན་པ་རེད། འཁྲབ་སྟོན་རྣམ་གྲངས་གཙོ་བོ་རྟ་ཐོག་ཏུ་ཞབས་བྲོ་འཁྲབ་པ་དང།  རྟ་ཐོག་ནས་མདའ་འཕེན་པ། རྟ་ཐོག་ནས་ཁ་བཏགས་སྒྲུག་པ། རྟ་གཉིས་མི་གཉིས།  རྟ་གཅིག་མི་གཉིས།  རྟ་རྩལ་རྒྱུག་འགྲན།  གཡག་རྒྱུག་སོགས་ཡོད་པ་དང་མི་རིགས་ཀྱི་སྲོལ་རྒྱུན་རྟ་རྩལ་འཁྲབ་སྟོན་གཙོ་བོར་བཟུང་ནས། དུས་ཆེན་ལ་བཀྲ་ཤིས་པའི་རྣམ་པ་བསྐྲུན་རྒྱུ་ཡིན་པ་རེད།

g'jtimg.jpg

གཞན་ཡང་། ཟླ8ཚེས11ཉིན་གྱི་དགོང་མོའི་ཞོ་སྟོན་གྱི་འགོ་ཚུགས་མཛད་སྒོ་དང་། ཚེས12ཉིན་སྤེལ་རྒྱུའི་བོད་མི་རིགས་ཀྱི་རྒྱན་གོས་དང་རྒྱན་ཆའི་རིག་གནས་འགྲོམས་སྟོན། ཞོ་སྟོན་ཉིན7རིང་སྤེལ་རྒྱུའི་ཐང་གའི་འགྲེམས་སྟོན་དང་ཞོ་སྟོན་གྱི་ཚོང་འགུགས་མ་འདྲེན་གྱི་འོས་སྦྱོར་ཚོགས་འདུ། སྐབས་བཅུ་གཉིས་པའི་ལྷ་ས—གནམ་མཚོ་བར་རྐང་ཐང་མར་འགྲོ་བའི་འདུ་ཚོགས། ལྷ་སའི་ཞོ་སྟོན་གྱི་སྤུས་ལེགས་གྲགས་ཅན་ཚོང་ཟོག་གི་ཚོང་འདུས། དྲ་ཐོག་གི་ཞོ་སྟོན་ཞེས་པའི་སྨྱན་སྦྱོར་གསར་པའི་དྲིལ་བསྒྲགས་འོས་སྦྱོར་བྱེད་སྒོ་སོགས་སྤེལ་རྒྱུ་ཡིན་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།