མི་རིགས་ལུས་རྩལ་འགྲན་ཚོགས་ཀྱི་འགྲན་རའི་ནང་འུར་རྡོའི་ཉམས་བཟང་མངོན་པ།

137344469_15323948747501n.jpg

ཟླ7ཚེས23ཉིན། ཀུན་དགའ་ཚེ་བརྟན(མདུན)གྱིས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འུར་རྡོའི་རྣམ་གྲངས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འུར་རྡོ་ནི་བོད་ཀྱི་ཞིང་འབྲོག་ཁུལ་གྱི་ཕྲུ་གུ་ཚོའི་ངོས་ནས་བརྗོད་ན་རྒྱུུས་མངའ་ཆེ་བའི་གྲོགས་པོ་ཞིག་དང་འདྲ་བ་དང་། བོད་མི་རིགས་ཀྱི་ཐུན་མོང་མ་ཡིན་པའི་རྒྱང་འཕེན་སྤྱོད་ཆས་ཤིག་ཡིན། དེ་ནི་རྡོ་ཆས་གསར་པའི་དུས་ནས་བེད་སྤྱོད་བྱེད་ཀྱི་ཡོད་པར་ངོས་འཛིན་བྱེད་པ་དང་། དང་ཐོག་ངལ་རྩོལ་གྱི་དགོས་མཁོའི་དབང་གིས་རི་དྭགས་རྔོན་པ་དང་ཕྱུགས་རིགས་འཚོ་བ། གཡུལ་འགྱེད་པ་བཅས་ཀྱི་ལག་ཆ་ཞིག་ཡིན་པར་ངེས། ཕྱིས་སུ་ཐོག་མར་བེད་སྤྱོད་རང་བཞིན་ལྡན་པའི་དངོས་པོ་དེ་རོལ་རྩེད་དང་འབྲེལ་ཏེ་ལུས་རྩལ་གྱི་རྣམ་གྲངས་དང་ཁོམ་སྐབས་ཀྱི་རྩེད་འཇོའི་རིགས་སུ་གྱུར་ཡོད།

འུར་རྡོའི་དབྱེ་བ་ལ་རྒྱུ་ཆའི་སྒོ་ནས་དབྱེ་ན་ལྔ་ཡོད་དེ། རྩིད་འུར་ནག་པོ་དང་བལ་འུར་དཀར་པོ། མཛེས་འུར་ཁྲ་བོ། ར་རྩིད་འུར་རྡོ། ཨ་ཀྲད་འུར་རྡོ་བཅས་སོ།

137344469_15323948747991n.jpg

ཟླ7ཚེས23ཉིན། བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འུར་རྡོའི་རྣམ་གྲངས་འགྲན་བསྡུར་ཁྲོད་བྱ་དགའ་ཨང་དང་པོ་བླངས་པའི་ཀུན་དགའ་ཚེ་བརྟན(གཡས)གྱིས་བྱ་དགའ་སྤྲོད་པའི་མཛད་སྒོའི་ཐོག་བྱ་དགའ་ལེན་པ། 

137344469_15323948748371n.jpg

ཟླ7ཚེས23ཉིན། འགྲན་ཞུགས་པ་ཞིག་གིས་བོད་རང་སྐྱོང་ལྗོངས་ཀྱི་མི་རིགས་སྲོལ་རྒྱུན་ལུས་རྩལ་འགྲན་ཚོགས་ཀྱི་འུར་རྡོའི་རྣམ་གྲངས་འགྲན་བསྡུར་ཁྲོད་འུར་རྡོ་འཕེན་པ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།