བོད་ལྗོངས་ཇོ་མོ་གླང་མའི་སྦྲག་སྲིད་ཅུའུ་རིམ་སྤོར་བསྐྱར་སྐྲུན་བྱས་རྗེས་སླར་ཡང་གཉེར་སྐྱོང་བྱེད་འགོ་ཚུགས་པ།

137335628_15319920510821n.jpg

འདི་ནི་ཇོ་མོ་གླང་མའི་སྦྲག་སྲིད་ཅུའུ་རུ་ཡུལ་སྐོར་བས་འཕྲིན་ཤོག་གི་སྟེང་དུ་བསྐུར་ཡུལ་འབྲི་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་ཆར། ས་བབ་མཐོ་ཚད་སྨི5200ཟིན་པའི་ཇོ་མོ་གླང་མའི་སྦྲག་སྲིད་ཅུའུ་རིམ་སྤོར་བསྐྱར་སྐྲུན་བྱས་རྗེས་སླར་ཡང་གཉེར་སྐྱོང་བྱེད་འགོ་ཚུགས་པ་རེད། རིམ་སྤོར་བྱས་པའི་ཇོ་མོ་གླང་མའི་སྦྲག་སྲིད་ཅུའུ་ནི་ཁོར་ཡུག་སྲུང་སྐྱོང་གི་འཛུགས་སྐྲུན་རྒྱུ་ཆ་སྤྱད་ནས་བསྐྲུན་པ་ཞིག་རེད། དེ་གར་སྦྲག་སྲིད་ཞབས་འདེགས་ཞུ་བ་དང་ཆབས་ཅིག་ཇོ་མོ་གླང་མའི་ཡུལ་སྐོར་རིག་གནས་དྲིལ་བསྒྲགས་ལ་ནུས་པ་འདོན་བཞིན་ཡོད། 

137335628_15319920512101n.jpg

འདི་ནི་ཇོ་མོ་གླང་མའི་སྦྲག་སྲིད་ཅུའུ་ཡི་ལས་བྱེད་མི་སྣས་ཐམ་ག་རྒྱག་བཞིན་པའི་ཚུལ། 

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།