པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཙུག་ལག་ཁང་དུ་ཞབས་སོར་འཁོད་ནས་རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་བའི་སྐྱབས་འཇུག་ཞུས་པ།

W020180724394451659306.jpg

གཙུག་ལག་ཁང་གི་སྒོ་མདུན་དུ་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་དང་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་ཕན་ཚུན་ལ་མཇལ་དར་སྒྲོན་བཞིན་པ། 

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7པའི་ཚེས19ཉིན་གྱི་ཞོགས་པར། ཆར་བ་སམ་སིམ་འབབ་ཀྱིན་འདུག་ཅིང་། པཎ་ཆེན་ཨེར་ཏེ་ནི་ཆོས་ཀྱི་རྒྱལ་པོ་མཆོག་གཙུག་ལག་ཁང་དུ་ཞབས་སོར་འཁོད་ནས་ཇོ་བོ་ཤཱཀྱ་མུ་ནེར་མཆོད་མཇལ་གནང་པ་མ་ཟད། གསེར་ཁྲིར་བཞུགས་ནས་སྨོན་ལམ་གསུངས་པ་དང་། འདུས་སྡེ་ཡོངས་དང་མཉམ་དུ་འབྲུ་ལྔར་ལོ་ལེགས་འཕེལ་ལ། རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་བ། འཛམ་གླིང་ཞི་བདེ་ཡོང་པ་བཅས་ཀྱི་སྐྱབས་འཇུག་ཞུས་པ་རེད། 

ཉིན་དེར།  ལྷ་ས་གྲོང་ཁྱེར་གྱི་ལྟེ་བར་ཆགས་པའི་གནའ་བོའི་གཙུག་ལག་ཁང་དུ་མཆོད་མེ་ལམ་ལེམ་སྒྲོན་ཞིང་།  མཚན་མོའི་ཆར་བ་དེས་ནི་གཙུག་ལག་ཁང་གི་སྒོ་མདུན་གྱི་རྡོ་གཅལ་ལེབ་མོ་དག་གྲལ་དག་པར་བཀྲུས་འདུག་ལ།  དགེ་འདུན་པ་ཚོས་བྱེ་རྡུལ་གྱིས་བཀྲ་ཤིས་མཚོན་རྟགས་ཀྱི་རི་མོ་ཐང་ལ་བྲིས་འདུག་པ་མ་ཟད།  ཞེང་ཚད་མཉམ་པའི་ས་གདན་ནི་འདུ་ཁང་གི་མདུན་ནས་སྒོ་ཆེན་བར་བཏིང་སྟེ་པཎ་ཆེན་མཆོག་ལ་བསུ་མ་རྒྱ་ཆེར་གནང་ཡོད་ན་དང་། གཙུག་ལག་ཁང་གི་མདུན་དུ་སེར་ཕྲེང་སྒྲིག་པའི་དགེ་འདུན་པ་ཚོས་ཆོས་ལུགས་ཀྱི་ཆོ་ག་ལྟར་། ལག་ཏུ་མཆོད་ཆས་ཐོགས་ཤིང་བོད་བརྒྱུད་ནང་བསྟན་གྱི་ཆེས་མཐོའི་གུས་སྲོལ་གྱི་ལམ་ནས་གཙུག་ལག་ཁང་སྒོ་ཆེན་གྱི་གཡས་གཡོན་དུ་གྲལ་ལྟར་བསྒྲིགས་ནས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་བསུ་མ་རྒྱ་ཆེར་མཛད་འདུག

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་རླངས་འཁོར་ལ་བཞུགས་ནས་གཙུག་ལག་ཁང་དུ་ཞབས་སོར་འཁོད་དུས དུང་ཆེན་དང་རྔ་ཆེན་གྱི་འུར་སྒྲས་ནམ་མཁར་ཁེངས་ཞིང་། སྔ་ས་ནས་འདི་གར་ཕེབས་སྒུག་ཞུ་མཁན་ཀྲུང་གོ་ནང་བསྟན་མཐུན་ཚོགས་བོད་ལྗོངས་ཡན་ལག་མཐུན་ཚོགས་ཀྱི་ཚོགས་གཙོ་སྒྲུབ་ཁང་ཐུབ་བསྟན་མཁས་གྲུབ་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་མཇལ་དར་བསྒྲོན་ཏེ་འདུས་སྡེ་ཡོངས་ཀྱིས་ཁོང་ལ་སྙིང་དབུས་ནས་གོང་བཀུར་ཞུ་བའི་སེམས་པ་མཚོན་པར་བྱས་ཡོད། 

W020180724394451678808.jpg

གཙུག་ལག་ཁང་གི་དགེ་འདུན་པ་རྣམས་ཀྱིས་སྨོན་ལམ་གསུང་བཞིན་པ། 

སྐྱ་རེངས་འོད་ཕྲན་དང་བསང་དུད་མཁའ་ལ་འཕྱུར་པའི་ཁྲོད། གཙུག་ལག་ཁང་ལ་སྔར་ལས་ལྷག་པའི་གཟི་ཉམས་ཤར་འདུག་ཅིང་། སྐུ་ལ་རྔམ་བརྗིད་ལྡན་ཞིང་ཐབས་དང་ཤེས་རབ་ཀྱིས་ཕྱུགས་པའི་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་སྐུ་ལ་ན་བཟའ་མནབས་ཤིང་དབུ་ལ་ཞྭ་མེན་མནབས་སྟེ་ལག་ཏུ་སྤོས་ཕོར་ཐོགས་ཤིང་དུང་ཆེན་འབུད་པའི་དགེ་འདུན་པ་ཚོའི་སྣེ་ཁྲིད་འོག་དང་། གདུགས་སེར་པོས་ཕེབས་སྐྱེལ་ཞུས་ངོར་དགེ་འདུན་པ་ཚོས་ཆོས་སྐད་ཁྲོད་དགའ་ལྡན་ལྷ་ཁང་དང་སྤྱན་རས་གཟིགས་ཕྱག་སྟོང་སྤྱན་སྟོང་གི་ལྷ་ཁང་བཅས་སུ་རིམ་བཞིན་མཆོད་མཇལ་གནང་ཞིང་། ལྷ་ཁང་རེ་རེར་ཕེབས་མ་ཐག་ཁོང་གིས་སྨོན་ལམ་ཡང་ནས་ཡང་དུ་བཏབ་སྟེ་སྐྱབས་འཇུག་ཞུས་ཤིང་ལྷ་སྐུར་སྙན་ཤལ་ཕུལ་བ་རེད། 

W020180724394451691042.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་དང་མཉམ་པའི་སྐུ་བརྙན་ལ་ཞལ་གསེར་འབུལ་བཞིན་པ། 

W020180724394451705249.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཇོ་བོ་ཤཱཀྱ་མུ་ནེ་དགུང་ལོ་བཅུ་གཉིས་ཀྱི་སྐུ་ཚད་དང་མཉམ་པའི་སྐུ་བརྙན་ལ་མཇལ་བཞིན་པ། 

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཇོ་བོ་ཤཱཀྱ་མུ་ནེ་སྐུ་མདུན་དུ་ཕེབས་རྗེས། དད་པ་རྩེ་གཅིག་གི་སྒོ་ནས་ཇོ་བོ་རིན་པོ་ཆེར་གུས་ཕྱག་འཚལ་བ་མ་ཟད་སྨོན་ལམ་གསུང་པ་དང་། དེ་ནས་ཁོང་གིས་ཕྱག་ཏུ་མཇལ་དར་ཐོགས་ནས་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་མདུན་དུ་ག་ལེར་ཕེབས་ནས་ཕྱག་ཟུང་ཐལ་མོ་སྦྱར་ཏེ་སྐྱབས་འཇུག་ཞུས་ཤིང་།  ལྷ་སྐུར་སྙན་ཤལ་ཕུལ་བ་མ་ཟད་ཇོ་བོ་རིན་པོ་ཆེར་ཞལ་གསེར་ཕུལ་བ་རེད། 

W020180724394451702122.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཇོ་བོ་ཤཱཀྱ་མུ་ནེ་སྐུ་མདུན་དུ་འདུས་སྡེར་སྣེ་ཁྲིད་དེ་སྨོན་ལམ་གསུངས་བཞིན་པ།

W020180724394451700175.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཇོ་བོ་ཤཱཀྱ་མུ་ནེ་སྐུ་མདུན་དུ་འདུས་སྡེར་སྣེ་ཁྲིད་དེ་སྨོན་ལམ་གསུངས་བཞིན་པ།

W020180724394451703731.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་ཇོ་བོ་ཤཱཀྱ་མུ་ནེ་སྐུ་མདུན་དུ་འདུས་སྡེར་སྣེ་ཁྲིད་དེ་འབྲུ་ལྔར་ལོ་ལེགས་འཕེལ་ལ། རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་བ། འཛམ་གླིང་ཞི་བདེ་ཡོང་པ་བཅས་ཀྱི་སྐྱབས་འཇུག་ཞུ་བཞིན་པ། 

མཆོད་མཇལ་མཇུག་འགྲིལ་རྗེས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ཇོ་བོ་ཤཱཀྱ་མུ་ནེའི་སྐུ་བརྙན་གྱི་ཁ་གཏད་དུ་ཡོད་པའི་ཁྲི་སྟེང་དུ་བཞུགས་སྟེ་འདུས་སྡེར་སྣེ་ཁྲིད་དེ་འབྲུ་ལྔར་ལོ་ལེགས་འཕེལ་ལ། རྒྱལ་སྲིད་དར་ཞིང་དམངས་རྣམས་བདེ་བ། འཛམ་གླིང་ཞི་བདེ་ཡོང་པ་བཅས་ཀྱི་སྐྱབས་འཇུག་ཞུས་པ་རེད། 

W020180724394451708800.jpg

བོད་བརྒྱུད་ནང་བསྟན་གྱི་སྲོལ་རྒྱུན་ལྟར་གཙུག་ལག་ཁང་གི་དགེ་འདུན་པ་རྣམས་ཀྱིས་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་ལ་མཎྜལ་གྱི་རྟེན་གསུམ་འབུལ་བཞིན་པ།

W020180724394451702391.jpg

པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གཙུག་ལག་ཁང་དུ་དགེ་འདུན་པ་རྣམས་ལ་མཇལ་ཁ་གནང་བཞིན་པ། 

ཐུན་མོང་གི་ཞལ་འདོན་མཇུག་འགྲིལ་རྗེས། པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གིས་གཙུག་ལག་ཁང་གི་འདུས་སྡེར་མཇལ་ཁ་གནང་པ་དང་། དགེ་འདུན་པ་ཡོངས་ཀྱི་ཞལ་འདོན་ཁྲོད་པཎ་ཆེན་སྐུ་ཕྲེང་བཅུ་གཅིག་པ་མཆོག་གཙུག་ལག་ཁང་ལས་དལ་བུར་ཕྱིར་ཕེབས་པ་རེད།  སྐབས་དེར། ནམ་མཁའ་ག་ལེར་གཡའ་དག་ཅིང་། གཙུག་ལག་ཁང་མདུན་གྱི་བསང་དུད་མཁའ་ལ་འཕྱུར་བཞིན་ཡོད་པས། ལྷ་སར་ལྷིང་འཇགས་འཆམ་མཐུན་གྱི་ཉིན་མོ་ཞིག་ཡང་བསྐྱར་འགོ་བརྩམས་པ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།