ཝུའུ་དབྱིང་ཅེས་ལྷ་སར་ཆབ་མདོ་གྲོང་ཁྱེར་གྱི་ས་ངན་ཡུག་ཁུལ་གྱི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་ལ་འཚམས་འདྲི་གནང་བ་དང་འབྲེལ་གཞི་རིམ་ཏང་ཡོན་དང་བཞུགས་མོལ་ཡང་གནང་བ།

W020180703347023918190.jpg

ཚེས1ཉིན་གྱི་སྔ་དྲོར། བོད་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ཆབ་མདོ་གྲོང་ཁྱེར་གྱི་ས་ངན་ཡུག་ཁུལ་གྱི་སྨར་ཁམས་རྫོང་དང་གོ་འཇོ་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་དུད་ཚང་ཁ་ཤས་ལ་འདྲི་རྟོགས་འཚམས་འདྲི་གནང་བ་དང་འབྲེལ། གཞི་རིམ་གྱི་ཏང་ཡོན་དང་བཞུགས་མོལ་ཡང་གནང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དང་ཏང་དོན་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་ཞུས་ཤིང་། འདི་ནི་ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ཁམས་བདེ་ཁུལ་ཆུང་དུ་ཝུའུ་དབྱིང་ཅེས་གོ་འཇོ་རྫོང་འབུམ་སྐྱེལ་ཤང་མཁལ་པོ་གྲོང་ཚོའི་གནས་སྤོས་མང་ཚོགས་དང་ཏང་ཡོན་རྒན་གྲས་ཡིན་པའི་བློ་མཐུན་ཚེ་དབང་འགྱུར་མེད་ལ་འཚམས་འདྲི་གནང་བའི་གནས་ཚུལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ7ཚེས1ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་ལོ97ལ་ཕེབས་པའི་འཁྲུངས་སྐར་རེད། དེ་ཉིན་སྔ་དྲོ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ལྷ་སར་ཆབ་མདོ་གྲོང་ཁྱེར་གྱི་ས་ངན་ཡུག་ཁུལ་གྱི་སྨར་ཁམས་རྫོང་དང་གོ་འཇོ་རྫོང་གི་ཡུལ་གཞན་དུ་གནས་སྤོས་དབུལ་སྐྱོར་གྱི་དུད་ཚང་ཁ་ཤས་ལ་གཟིགས་པ་དང་འཚམས་འདྲི་གནང་བ་མ་ཟད། ད་དུང་གཞི་རིམ་ཏང་ཡོན་དང་བཞུགས་མོལ་ཡང་གནང་སྟེ་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཚབ་ཞུས་ནས་ལྗོངས་ཡོངས་ཀྱི་རྒྱ་ཆེའི་གུང་ཁྲན་ཏང་ཡོན་དང་ཏང་དོན་ལས་དོན་པར་དུས་ཆེན་གྱི་འཚམས་འདྲི་གནང་བ་རེད།

བོད་རང་སྐྱོང་ལྗོངས་ཀྱི་འགོ་ཁྲིད་ནོར་བུ་དོན་གྲུབ་དང་། པད་མ་དབང་འདུས། འཇམ་དཔལ་བཅས་བྱེད་སྒོར་ཞུགས་པ་རེད།

ལྷ་ས་གྲོང་ཁྱེར་སྣེའུ་ཁུལ་གསར་ཁམས་བདེ་ཁུལ་ཆུང་གཙང་སྦྲ་དོད་ལ་ལེ་ལག་ཀྱང་ཚང་པོ་ཞིག་ཡོད། སྨར་ཁམས་རྫོང་དང་གོ་འཇོ་རྫོང་གི་མང་ཚོགས་དབུལ་པོའི་དུད་ཚང10དེ་གར་གནས་སྤོས་བྱས་ཡོད། ཝུའུ་དབྱིང་ཅེ་ཏང་ཡོན་རྒན་གྲས་ཚེ་དབང་འགྱུར་མེད་ཀྱི་སྡོད་ཁང་གསར་པའི་ནང་ཕེབས་ཏེ་སྡོད་ཁང་ཇུས་བཀོད་སོགས་ཀྱི་གནས་ཚུལ་ནན་ཏན་ངང་གཟིགས་ཞིབ་གནང་བ་དང་འབྲེལ།  ཚེ་དབང་འགྱུར་མེད་ཀྱི་ནང་མི་དང་མཐའ་སྐོར་ནས་བཞུགས་ཏེ་ཅི་འཕྲོས་མོལ་འཕྲོས་ཀྱང་གནང་བ་རེད། ཚེ་དབང་འགྱུར་མེད་ཀྱི་ནང་མི་སྡོད་ཁང་གསར་པར་སྤོས་པ་དང་གཞི་རྩའི་འཚོ་བའི་སྒྲིག་ཆས་སྣ་ཚོགས་ཆ་ཚང་པོ་ཡོད་པ་མཁྱེན་རྗེས། ཝུའུ་དབྱིང་ཅེས་མྱོང་ཚོར་ཟབ་མོས་ཁྱེད་ཚོར་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་ཀྲུང་གོ་གུང་ཁྲན་ཏང་གི་བཀའ་དྲིན་རེད་ལ། སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཡང་རེད། ཏང་གི་ཚོགས་ཆེན་བཅོ་བརྒྱད་པ་འཚོགས་ཚུན། བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས2020ལོར་སླེབས་སྐབས་ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་བསྐྲུན་ཐུབ་པའི་འཐབ་ཇུས་བཀོད་སྒྲིག་གནང་བ་དང་དབུལ་ཕོངས་ས་ཁུལ་དང་མང་ཚོགས་དབུལ་པོ་གཅིག་ཀྱང་ལུས་མི་རུང་བའི་བླང་བྱ་ཁ་གསལ་བཏོན་གནང་ཡོད། བོད་ནི་རྒྱལ་ཡོངས་ཀྱི་ཞིང་ཆེན་རིམ་པའི་གཅིག་སྡུད་ཡུག་འབྲེལ་གྱི་དམིགས་བསལ་དཀའ་ངལ་ཡོད་པའི་ས་ཁུལ་འབའ་ཞིག་རེད་ལ། ས་ངན་ཡུག་ཁུལ་ནི་བོད་ཀྱི་དབུལ་ཤོས་དང་། དཀའ་ངལ་ཆེ་ཤོས། དཀའ་ཚེགས་ཆེ་ཤོས། འགག་རྩའི་ནང་གི་འགག་རྩ་བཅས་ཀྱི་ཤིན་ཏུ་དབུལ་བའི་ས་ཁུལ་ཞིག་ཀྱང་རེད། ད་ཆ་ཏང་ཀྲུང་དབྱང་གི་ཐུགས་ཁུར་དང་རིམ་ཁག་ཏང་ཨུད་དང་སྲིད་གཞུང་གི་ཐུན་མོང་འབད་འཐབ་འོག ཁྱེད་ཚོ་ལྷ་སར་གནས་སྤོ་ཐུབ་པ་བྱུང་བ་དང་། དབུལ་པོའི་རྩ་བ་དྲུངས་ནས་འབྱིན་ཏེ་བདེ་སྐྱིད་ལྡན་པའི་འཚོ་བ་དང་ཐག་ཇེ་ཉེར་ཕྱིན་ཡོད། ཁྱེད་ཚོས་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཟབ་མོ་ཡིད་ལ་འཆང་བཞིན་དུ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་གི་སྲོག་ཤིང་གི་གནས་བབ་སྔར་བས་བརྟན་པོ་སྲུང་བ་དང་། ཏང་ཀྲུང་དབྱང་གི་དབང་གྲགས་དང་གཅིག་སྡུད་གཅིག་གྱུར་གྱི་འགོ་ཁྲིད་སྲུང་སྐྱོང་། མི་རིགས་མཐུན་སྒྲིལ་དང་། སྤྱི་ཚོགས་བརྟན་ལྷིང་། མེས་རྒྱལ་གཅིག་གྱུར་བཅས་སྲུང་སྐྱོང་། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ། བདེ་ཐང་དང་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་དུ་གཉེར་བ། དཀའ་སྤྱད་ཀྱི་ལག་ཟུང་ལ་བརྟེན་ནས་ཚེ་འདིའི་བདེ་སྐྱིད་འཚོ་བ་ཡག་པོ་སྐྱེལ་དགོས་པའི་ཐུགས་རེ་གནང་བ་རེད།

བགྲེས་སོང་ཚེ་དབང་འགྱུར་མེད་ནི་ཏང་ལོ44ཙམ་ཟིན་པའི་ཏང་ཡོན་རྒན་གྲས་ཤིག་རེད། ཝུའུ་དབྱིང་ཅེས་ཁོང་ལ་དཀར་གཙང་མཇལ་དར་བསྒྲོན་པ་དང་སྦྲགས་དུས་ཆེན་གྱི་སྨོན་འདུན་ཡང་ཞུས་པ་རེད། བགྲེས་སོང་ཁོང་གིས་དུས་ཡུན་རིང་པོའི་ནང་བོད་ཀྱི་སྒྱུར་འཕེལ་བརྟན་གསུམ་ལ་ལེགས་སྐྱེས་ཕུལ་བར་ཐུགས་རྗེ་ཆེ་ཞུས་པ་མ་ཟད། བླ་ན་མེད་པའི་གུས་འདུད་ཀྱང་ཞུས་པ་རེད། གཞན་ཡང་ཝུའུ་དབྱིང་ཅེས་ཁོང་གིས་ཐོག་མའི་བསམ་འདུན་དང་འགན་འཁྲི་བློ་ལ་བརྟན་པོར་བཅངས་ནས་གུང་ཁྲན་ཏང་ཡོན་གྱི་གདོང་ལེན་དཔེ་བཟང་གི་ནུས་པ་མུ་མཐུད་འདོན་སྤེལ་བྱས་ཏེ་ཏང་གི་བཀའ་དྲིན་དྲན་པ་དང་། ཏང་གི་བཀའ་ལ་ཉན་པ། ཏང་གི་རྗེས་སུ་འབྲང་བ་བཅས་ཀྱི་མི་རིགས་ཁག་གི་མང་ཚོགས་ཀྱི་གདེང་ཚོད་དང་ཆོད་སེམས་སྔར་བས་བརྟན་དུ་གཏོང་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

བགྲེས་སོང་ཚེ་དབང་འགྱུར་མེད་ཀྱི་ཁྱིམ་ནས་ཕེབས་རྗེས་ཡུལ་གཞན་ནས་གནས་སྤོས་པའི་མང་ཚོགས་འཚང་ཁ་ཤིག་ཤིག་ངང་ཝུའུ་དབྱིང་ཅེའི་འགྲམ་དུ་བཅར་ནས་གནས་སྤོས་པའི་དགའ་ཚོར་བརྗོད་དེ་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གི་བཀའ་དྲིན་ཚོར་ལུགས་དང་བདེ་སྐྱིད་ལྡན་པའི་འཚོ་བར་ཡིད་སྨོན་བྱེད་ལུགས་ཀྱང་མཚོན་པར་བྱས་ཡོད། ཝུའུ་དབྱིང་ཅེས་ཡུལ་མི་སྤུན་ཟླ་ཚང་མར་ད་ལྟའི་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་རྒྱུ་བྱུང་བ་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་འགྱུར་མེད་སྟོབས་ལྡན་གྱི་འགོ་ཁྲིད་དང་བྱམས་བརྩེའི་ཐུགས་ཁུར་འོག་བྱུང་བ་ཞིག་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁྱད་དུ་འཕགས་པ་ལས་བྱུང་བ་ཞིག་རེད། ཁྱེད་ཚོ་དབུལ་པོའི་གནས་ལས་སྤོས་ནས་ད་ལྟ་གྲོང་ཁྱེར་གྱི་གྲོང་མིར་གྱུར་པས་ཚང་མས་སྒྲིག་བཀུར་ཁྲིམས་སྲུང་དང་། དོ་དམ་བརྩི་སྲུང་། དཀའ་སྤྱད་སྙིང་རུས་བཅས་བྱས་ཁར་ཁྱིམ་མཚེས་དབར་གྱི་འབྲེལ་བ་ཐག་གཅོད་ཡག་པོ་བྱས་ཏེ་ས་གནས་དེ་ག་དང་མཉམ་འདྲེས་ཐུབ་པ་དང་འབྲེལ། གནས་སྤོ་ཐུབ་པ་དང་། གཞིས་ཆགས་ཐུབ་པ། ཕྱུག་པོ་ཆགས་ཐུབ་པ་བཅས་ཀྱང་བྱེད་དགོས་པའི་ཐུགས་རེ་གནང་བ་རེད།

ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཁབ་རིམ་པའི་དཔལ་འབྱོར་ལག་རྩལ་གསར་སྤེལ་ཁུལBཁུལ་གྱི་བདེ་སྐྱིད་ཁང་གསར་ཁུལ་ཆུང་དུ་སྨར་ཁམས་རྫོང་དང་གོ་འཇོ་རྫོང་ནས་སྤོས་པའི་མང་ཚོགས་དབུལ་པོ་དུད་ཚང15གཞིས་ཆགས་ཡོད། ཝུའུ་དབྱིང་ཅེ་སྔ་རྗེས་སུ་ཕུར་བུ་ཚེ་རིང་དང་རྡོ་ཐོགས་ཀྱི་ཁྱིམ་དུ་ཕེབས་ནས་ཁོང་ཚོའི་གནས་སྤོ་མ་བྱས་གོང་དང་གནས་སྤོས་རྗེས་ཀྱི་འཚོ་བའི་འགྱུར་ལྡོག་ལ་ཤེས་རྟོགས་ཞིབ་ཕྲ་གནང་བ་རེད། ཕུར་བུ་ཚེ་རིང་དང་རྡོ་ཐོགས་ཀྱིས་དགའ་ཚོར་ཆེན་པོས་དེ་སྔོན་ལུང་ཁུག་ཏུ་འཚོ་སྡོད་བྱེད་ཀྱི་ཡོད་པས་ཐོན་སྐྱེད་ཆ་རྐྱེན་ཞན་ལ་འཚོ་བ་ལའང་དཀའ་ངལ་ཆེན་པོ་ཡོད། ལྷག་པར་དུ་ཕྱུག་འགྱུར་གྱི་ཐབས་ལམ་གང་ཡང་མེད། ད་ལྟ་གྲོང་ཁྱེར་ཆེན་པོར་སྤོས་པས་སྤྱི་པའི་ཞབས་ཞུ་སྣ་ཚོགས་ཧ་ཅང་སྟབས་བདེ་ཡོད་པ་མ་ཟད། ད་དུང་ན་གཞོན་ཚོར་ལས་ཀ་དང་ཡོང་འབབ་བརྟན་པོ་ཞིག་ཡོད་པ་དང་ཕྲུ་གུ་ཚོའི་སློབ་གསོར“འགན་ལེན་གསུམ”གྱི་སྲིད་ཇུས་ཀྱང་ཡོད་པས་ང་ཚོའི་འཚོ་བའི་ཕྱོགས་གང་སར་རེ་བས་ཁེངས་སོང་ཞེས་བཤད། དེ་ནས་ཝུའུ་དབྱིང་ཅེས་ཁོང་ཚོར་ཆུ་འཐུང་དུས་ཆུ་འགོ་དྲན་པའི་དཔེ་ལྟར་ཏང་གི་བཀའ་དྲིན་བློ་ལ་བརྟན་པོར་ངེས་པ་དང་ཏང་གི་སྲིད་ཇུས་བཟང་པོར་བརྟེན་ནས་ཕྱུག་འགྱུར་གྱི་འཇོན་ཐང་སློབ་སྦྱོང་ནན་ཏན་བྱེད་པ་དང་། གོམས་སྲོལ་ངན་པ་སྒྱུར་བ་དང་སྲོལ་ངན་འདོར་བ། རང་ཉིད་ཀྱི་ལག་གཉིས་ལ་བརྟེན་ནས་དཀའ་སྤྱད་ངལ་རྩོལ་དང་། དབུལ་སྒྲོལ་ཕྱུག་འགྱུར་བྱས་ནས་འབྱོར་འབྲིང་ཕྱོགས་སུ་སྐྱོད་དགོས་པའི་ཐུགས་རེ་གནང་བ་རེད།

ཝུའུ་དབྱིང་ཅེས་ད་དུང་ཁུལ་ཆུང་གི་དམངས་ཕན་ཞབས་ཞུའི་ལས་དོན་ལ་གཟིགས་ཞིབ་གནང་སྟེ། ལས་དོན་མི་སྣས་ལས་ཀའི་གོ་རིམ་སྟབས་བདེ་རུ་གཏོང་བ་དང་། ཞབས་འདེགས་ཞུ་ཚད་མཐོ་རུ་གཏོང་བ། ངང་རྒྱུད་རིང་པོས་ཞབས་འདེགས་ལས་ཀ་ཁག་ཡག་པོ་ཞུ་བ་བཅས་བྱས་ཏེ་ཡུལ་གཞན་ནས་སྤོས་པའི་མང་ཚོགས་ཚོར་ཏང་དང་སྲིད་གཞུང་གི་ཐུགས་ཁུར་དང་བརྩེ་སེམས་ཚོར་ཐུབ་པ་བྱས་ནས། གཏོགས་སེམས་དང་མོས་སེམས་ཆེ་རུ་གཏོང་དགོས་པའི་ལྕག་སྐུལ་གནང་བ་རེད།

དེ་རྗེས་ཝུའུ་དབྱིང་ཅེས་བདེ་སྐྱིད་ཁང་གསར་ཁུལ་ཆུང་གི་ཏང་ཀྲི་པུའུ་བདུན་པའི་ཏང་ཡོན་དང་བཞུགས་མོལ་གནང་ཞིང་། ཁོང་གིས་ཟླ7ཚེས1ཉིན་ནི་ཀྲུང་གོ་གུང་ཁྲན་ཏང་དབུ་བརྙེས་ནས་ལོ97འཁོར་བའི་ཉིན་མོ་རེད། ལོ97གྱི་ཟིལ་རླབས་དགུང་འཕྱུར་གྱི་ལོ་རྒྱུས་འཕེལ་རིམ་ཁྲོད། ཀྲུང་གོ་གུང་ཁྲན་ཏང་གིས་མི་དམངས་ལ་དམ་པོར་བརྟེན་ནས་དཀའ་བ་དུ་མ་ལས་རྣམ་པར་རྒྱལ་བ་དང་སྦྲགས་རྒྱལ་ཁ་རེ་རེ་བཞིན་བླངས་ཏེ། ཀྲུང་ཧྭ་མི་རིགས་ལ་ལོ་རྒྱུས་ཀྱི་ལེགས་སྐྱེས་རླབས་པོ་ཆེ་ཕུལ་ཡོད། ཀྲུང་གོ་གུང་ཁྲན་ཏང་མེད་ན་ཀྲུང་གོ་གསར་པ་མེད་ལ། སྤྱི་ཚོགས་རིང་ལུགས་ཀྱི་བོད་ལྗོངས་གསར་པ་ཡང་མེད་པ་ལོ་རྒྱུས་དང་དོན་དངོས་ལས་ར་སྤྲོད་གསལ་པོ་ཐུབ་ཡོད། ཏང་གི་ཚོགས་ཆེན་བཅུ་དགུ་པའི་ཐོག་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་འཕེལ་རྒྱས་ཀྱི་དམིགས་ཚད་དང་ལས་འགན་བཀོད་སྒྲིག་བྱས་ཡོད་པས། ང་ཚོས་བློ་བརྟན་འགྱུར་མེད་ངང་ཀྲུང་གོ་གུང་ཁྲན་ཏང་གི་རྗེས་སུ་འབྲངས་ཚེ། བརྗིད་ཆེའི་འཆར་གཞི་མཛེས་སྡུག་ལྡན་པའི་དངོས་ཡོད་དུ་འགྱུར་ངེས་རེད་ལ། བོད་ཀྱི་མི་རིགས་ཁག་གི་མི་དམངས་རྣམས་ཀྱིས་ཀྱང་དེ་བས་བདེ་སྐྱིད་དང་མཛེས་སྡུག་ལྡན་པའི་འཚོ་བ་གསར་པ་སྐྱེལ་ཐུབ་ངེས་རེད། ཏང་ཡོན་ཚོས་རང་ཉིད་ཀྱི་མྱོང་ཚོར་དངོས་ལ་བརྟེན་ནས་སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་དང་ཏང་ཀྲུང་དབྱང་གིས་བོད་ཀྱི་ལས་དོན་ལ་ཚད་མཐོའི་མཐོང་ཆེན་གནང་ལུགས་དང་བོད་ཀྱི་མི་རིགས་ཁག་གི་མི་དམངས་ལ་བྱམས་བརྩེའི་ཐུགས་ཁུར་གནང་ལུགས་དྲིལ་བསྒྲགས་ཤུགས་ཆེན་དང་། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་ཀྱི་དགོངས་པ་གལ་ཆེན་བོད་དུ་གྲུབ་འབྲས་ཐོབ་པའི་ངང་ལག་ལེན་ཐུབ་པར་དྲིལ་བསྒྲགས་ཤུགས་ཆེན། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ཁྱད་དུ་འཕགས་པའི་རང་བཞིན་དྲིལ་བསྒྲགས་ཤུགས་ཆེན་བཅས་བྱས་ཏེ་སྤྱི་ཁྱབ་ཧྲུའུ་ཅིའི་ཏང་ཀྲུང་དབྱང་གི་སྲོག་ཤིང་དང་ཏང་ཡོངས་ཀྱི་སྲོག་ཤིང་ཡིན་པའི་གནས་བབ་བོད་ཀྱི་མི་རིགས་ཁག་དང་ལས་བྱེད་མང་ཚོགས་ཀྱི་སེམས་ལ་བརྟན་པོར་ཟུག་པ་དང་ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ཚོའི་ཁྲག་རྒྱུན་དུ་འདྲེས་པར་བྱས་ཏེ། མི་རིགས་ཁག་གི་མང་ཚོགས་ཀྱི“མོས་སེམས་ལྔ”སྔར་བས་ཆེ་རུ་གཏོང་དགོས། ཏཱ་ལའི་རུ་ཚོགས་ཀྱི་ལོག་སྤྱོད་ཀྱི་ངོ་བོར་ཐེར་འདོན་འགག་རྒྱག་གཏིང་ཟབ་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱིས་དར་ཆ་གསལ་སྟོན་གྱི་སྒོ་ནས་ཁ་ཕྲལ་ལ་ངོ་རྒོལ་དང་། མེས་རྒྱལ་གཅིག་གྱུར་དང་མི་རིགས་མཐུན་སྒྲིལ་ལ་སྲུང་སྐྱོང་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས། གཞི་རིམ་ཏང་རྩ་འཛུགས་ཀྱི་བློ་ཁ་ཕྱོགས་ཤུགས་དང་། སེམས་ནུས་སྒྲིལ་ཤུགས། དམག་འཐབ་འཇོན་ཐང་བཅས་ཆེ་རུ་ཏན་ཏིག་བཏང་ནས། ཏང་གི་བཀའ་ལ་ཉན་པ་དང་། ཏང་གི་རྗེས་སུ་འབྲང་བ། མཐུན་སྒྲིལ་བྱེད་མཁས་པ། འཕེལ་རྒྱས་གཏོང་ཤེས་པ། ཕྱུག་འགྱུར་ཐུབ་པ། བརྟན་ལྷིང་འགན་ལེན་བཅས་དངོས་འབྲེལ་ཐུབ་པ་དང་སྦྲགས་གནད་དོན་འཕྲད་སྐབས་མགོ་མི་རྨོངས་པ་དང་འགག་རྩའི་དུས་སུ་ནུས་པ་ཐོན་ཐུབ་པའི་ཐུགས་རེ་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།