བོད་ལྗོངས་ཀྱིས་བྱེ་བཅོས་ནགས་བཟོའི་ལས་དོན་ལ་མུ་མཐུད་སྐུལ་འདེད་བཏང་ནས་སྣོད་བཅུད་བདེ་འཇགས་ཀྱི་སྲུང་ཡོལ་བརྟན་པོ་ཞིག་བསྐྲུན་པ།

F201806211140103546705515.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན།  ཉེ་བའི་ལོ་ཤས་རིང་། བོད་ལྗོངས་ཀྱིས་སྣོད་བཅུད་ཁོར་ཡུག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ནས་རླུང་འགོག་བྱེ་འཇགས་དང་། ས་ཆུ་རྒྱུན་འཁྱོངས། སྦགས་བཙོག་ཚོད་འཛིན་ནན་པོ་བཅས་བྱས་ནས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་བརྟན་པོ་ཞིག་བཙུགས་ཡོད། 

ཤེས་རྟོགས་བྱུང་བར་གཞིགས་ན། འདས་ཟིན་པའི་ལོ་ལྔའི་རིང་། བོད་ལྗོངས་ཀྱིས་སྣོད་བཅུད་འཛུགས་སྐྱོང་དང་ཁོར་ཡུག་སྲུང་སྐྱོང་བྱེད་ཤུགས་རྒྱུན་ཆད་མེད་པར་ཆེ་རུ་བཏང་ནས་སྣོད་བཅུད་བདེ་འཇགས་སྲུང་ཡོལ་གྱི་འཆར་གཞིའི་ལས་གྲྭར་ཁྱོན་མ་དངུལ་སྒོར་དུང་ཕྱུར55.6བཏང་བ་དང་རིགས་ཁག་གི་སྣོད་བཅུད་ཁ་གསབ་མ་དངུལ་སྒོར་དུང་ཕྱུར254.34བཏང་ཞིང་། གོང་གི་པར་རིས་ནི་བོད་ལྗོངས་ཡར་ཀླུང་གཙང་པོའི་རྒྱུད་ཀྱི་ལྷ་ས་ནས་ལྷོ་ཁ་བར་གྱི་རིམ་མཐོའི་གཞུང་ལམ་ལམ་རྒྱུད་ཀྱི་བྱེ་འགོག་བྱེ་འཇགས་ལས་གྲྭ་སྒྱུར་བཀོད་བྱས་རྗེས་ཀྱི་རྣམ་པ་ཡིན་པ་རེད།

F201806211140340096705516.jpg

བོད་ལྗོངས་ལྷོ་ཁ་གྲོང་ཁྱེར་སྣེ་གདོང་ཆུས་ཕོ་བྲང་ཤང་གི་ཞིང་པས་ཞོལ་གྲོང་ཚོའི་སྡོང་ཕྲུག་ར་བའི་ནང་རྩྭ་ངན་འཐུ་བཞིན་པ།    

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།