བོད་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་རིག་རྩལ་དགའ་ཞེན་པ་གསོ་སྐྱོང་གང་ལེགས་བྱས།

W020180619527984458554.jpg

བཀྲ་ཤིས་བདེ་ལེགས་ཞེས་པ་ཡི། སྲོལ་རྒྱུན་ལྷ་མོའི་རྣམ་ཐར་སྙན།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ6པའི་ཚེས16ཉིན་གྱི་ཕྱི་དྲོ།  བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་རྒྱུན་རྣམ་འཛིན་གྲྭ་སློབ་མཇུག་སྒྲིལ་བའི་མཛད་སྒོའི་སྙན་ཞུའི་འཁྲབ་སྟོན་གཉེར་བ་རེད།  ཤེས་རྟོགས་བྱུང་བར་གཞིགས་ན།  བོད་རང་སྐྱོང་ལྗོངས་མང་ཚོགས་སྒྱུ་རྩལ་ཁང་གིས་སྤྱི་ལོ2014ལོར་རྒྱུན་རྣམ་འཛིན་གྲྭ་བཙུགས་པ་ནས་བཟུང་།  གཙོ་བོ་གཟའ་མཇུག་གི་དུས་ཚོད་སྤྱད་དེ་སློབ་གྲྭ་འགྲིམ་བཞིན་པའི་སློབ་མ་དང་།  གཞོན་ནུ་དང་དར་མ།  ལས་འཁྱུར་དང་རྒན་ཡོལ་ཞུས་པའི་ལས་བྱེད་པ་བཅས་ལོ་ཚད་མི་འདྲ་བའི་རིག་རྩལ་ལ་དགའ་ཞེན་ཡོད་མཁན་ཚོར།  རིན་མེད་ཐོག་རོལ་དབྱངས་དང་ལྷ་མོ།  ཞབས་བྲོ་སོགས་ཀྱི་སྦྱོང་བརྡར་སྤྲད་ཀྱི་ཡོད་པ་དང་།  སྤྱི་ལོ2017ལོ་ཁོ་ནར་སློབ་མཇུག་སྒྲིལ་བའི་ཚད་གཞི་ལོན་པའི་སློབ་མ200ལྷག་ཟིན་ཡོད།།

W020180619527984543467.jpg

བྱིས་པའི་དགའ་བའི་འཛུམ་མདངས་དང་། ཞབས་བྲོའི་སྟངས་སྟབས་ལྷག་པར་མཛེས།

W020180619527984632033.jpg

ང་ཚོའི་སྐྱིད་པའི་ཉི་མ་ཞེས། སྒྲ་སྙན་གླུ་དབྱངས་སྙན་ཆ་ཆེ།

W020180619527984710221.jpg

རྒན་གྲས་ཁོང་ཚོའི་ངོ་མཚར་འཁྲབ་སྟོན་ལས། སྲོལ་རྒྱུན་རིག་རྩལ་མི་ཉམས་ཡུན་དུ་གནས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།