ཝུའུ་དབྱིང་ཅེས་ཉིང་ཁྲིར“གཉིས་གཏོད”དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་བ།

W020180605479505723054.jpg

ཟླ6ཚེས2ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེས་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དུ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ལས་དོན་དང་གྲོང་གསེབ་དར་རྒྱས་ཀྱི་ལས་དོན་ལ་རྟོག་ཞིབ་གནང་ཞིང་། འདི་ནི་ཀོང་པོ་རྒྱ་མདའ་རྫོང་སེམས་ཤུགས་མངོན་འགྱུར་ཚད་ཡོད་ཀུང་སིར་ཝུའུ་དབྱིང་ཅེས་སློབ་ཆེན་སློབ་མ་དང་བྱམས་བརྩེའི་སྤེལ་རེས་གནང་ནས་ཀུང་སི་གསར་འཛུགས་དང་གཉེར་སྐྱོང་གི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བཞིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6ཚེས2ཉིན་རང་སྐྱོང་ལྗོངས་ཏང་ཨུད་ཀྱི་ཧྲུའུ་ཅི་ཝུའུ་དབྱིང་ཅེ་ཉིང་ཁྲི་གྲོང་ཁྱེར་ཀོང་པོ་རྒྱ་མདའ་རྫོང་དུ་དམངས་ཀྱིས་བྱ་གཞག་སྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ལས་དོན་དང་གྲོང་གསེབ་དར་རྒྱས་ལས་དོན་ལ་རྟོག་ཞིབ་གནང་བར་ཕེབས་ཤིང་། ཁོང་གིས་ཐོག་མཐའ་བར་གསུམ་དུ་མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་ཀྱི་བསམ་ཕྱོགས་མཐའ་འཁྱོངས་བྱེད་པ་དང་། ལས་ཞུགས་སྔོན་ལ་འཇོག་རྒྱུ་མཐའ་འཁྱོངས་བྱེད་པ། གསར་གཏོད་ལ་བརྟེན་ནས་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བའི་འཐབ་ཇུས་ལག་ལེན་གཏིང་ཟབ་བསྟར་བ། རང་སྐྱོང་ལྗོངས་ཀྱི་ལས་གཏོད་གསར་གཏོད་ལ་རོགས་སྐྱོར་བྱེད་པའི་གཟིགས་སྐྱོང་སྲིད་ཇུས་ཁག་ཕྱོགས་ཡོངས་ནས་དོན་འཁྱོལ་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མ་ཕ་ཡུལ་དུ་ལོག་ནས་ལས་གཏོད་བྱེད་པར་སྐུལ་ལྕག་གཏོང་བ། “བླ་ན་མེད་པའི་རྒྱལ་ཁབ་ཀྱི་ས་ཆ་སྲུང་མཁན་དང་བདེ་སྐྱིད་ལྡན་པའི་ཁྱིམ་གཞིས་སྐྲུན་མཁན”བརྗོད་དོན་གཙོ་བོར་བྱེད་པའི་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་སྐུལ་འདེད་ཤུགས་ཆེན་གཏོང་བ་བཅས་བྱས་ཏེ་མི་རིགས་ཁག་གི་མང་ཚོགས་ཀྱི་ཉིན་རེ་བཞིན་ཆེ་རུ་འགྲོ་བའི་མཛེས་སྡུག་ལྡན་པའི་འཚོ་བའི་དགོས་མཁོ་ཟམ་མི་ཆད་པར་སྐོང་དགོས་པའི་ནན་བཤད་གནང་བ་རེད།

བོད་རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ལྷན་གྱི་ཀྲུའུ་རེན་གཞོན་པ་ཉིང་ཁྲི་གྲོང་ཨུད་ཀྱི་ཧྲུའུ་ཅི་མཱ་ཧྲེང་ཁྲང་རྟོག་ཞིབ་གནང་བར་ལྷན་དུ་ཕེབས་ཡོད་པ་རེད།

ཀོང་པོ་རྒྱ་མདའ་རྫོང་སེམས་ཤུགས་མངོན་འགྱུར་ཚད་ཡོད་ཀུང་སིར་ཝུའུ་དབྱིང་ཅེས་རྟོག་ཞིབ་གནང་སྐབས་ཀུང་སི་གསར་འཛུགས་དང་གཉེར་སྐྱོང་སོགས་ཀྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་། ཀུང་སི་དེ་ནི་ཕ་ཡུལ་དུ་ལོག་པའི་སློབ་ཆེན་སློབ་མས་བཙུགས་པ་དང་། ཡུལ་དེའི་སློབ་ཆེན་སློབ་མ14ལས་ཞུགས་བྱ་རྒྱུའི་ཡིད་དབང་བཀུག་པ། ནང་སའི་གྲགས་ཅན་མཐོ་སློབ་ཀྱི་སློབ་ཐོན་སློབ་མས“གཉིས་གཏོད”བྱ་རྒྱུ་དེ་ཉིད་དུས་རབས་གསར་པའི་འཕེལ་རྒྱས་དང་འཚམ་པའི་སྦྱོང་བརྡར་གྱི་གོ་སྐབས་དང་ལང་ཚོའི་ཕུགས་འདུན་མངོན་འགྱུར་གྱི་ལས་སྟེགས་ཡག་པོ་ཞིག་ཏུ་བརྩི་བ་བཅས་མཁྱེན་སྐབས་ཁོང་དགྱེས་ཚོར་ཆེན་པོ་བྱུང་ཞིང་། ཝུའུ་དབྱིང་ཅེས་རང་སྐྱོང་ལྗོངས་ཀྱིས་ལས་གཏོད་གསར་གཏོད་ཀྱི་རོགས་སྐྱོར་གཟིགས་སྐྱོང་སྲིད་ཇུས་དོན་འཁྱོལ་ཇི་ལྟར་བྱུང་མིན་གྱི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་དང་ཀུང་སིའི་འགན་འཁུར་བ་རྡོ་རྗེ་ཚེ་ཕུན་གྱིས་སྲིད་གཞུང་གིས་ང་ཚོར་རིན་མེད་ངང་ས་ཆ་དང་རོགས་སྐྱོར་མ་དངུལ་གནང་བ་དང་དཔྱ་ཁྲལ་གང་ཡང་མི་བསྡུ་བ་མ་ཟད། “འགན་བཅོལ་ལྔ་དང་མ་དངུལ་གཅིག”ཆ་ཚང་བ་ཡོད་པས། ང་ཚོས་ལས་གཏོད་གསར་གཏོད་བྱེད་པའི་གདེང་ཚོད་དང་ཡིད་ཆེས་ཆེ་རུ་ཕྱིན་པ་དང་ཚང་མའི་ལས་གཏོད་གསར་གཏོད་ཀྱི་སྤྲོ་སེམས་ཆེ་རུ་ཤུགས་ཆེན་ཕྱིན་སོང་ཞེས་ཞུས། ཝུའུ་དབྱིང་ཅེས་ཁྱེད་ཚོས་ལོངས་སྤྱོད་ཐུབ་པའི་གཟིགས་སྐྱོང་སྲིད་ཇུས་དེ་དག་ནི་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གིས་བོད་ཀྱི་མི་རིགས་ཁག་གི་ལས་བྱེད་མང་ཚོགས་ལ་ཐུགས་ཁུར་དང་གཟིགས་སྐྱོང་གནང་བའི་ཞིབ་ཕྲའི་མཚོན་ཚུལ་ཞིག་རེད་ཅེས་ལྕག་སྐུལ་གནང་བ་དང་། ཁོང་གིས་ཁྱེད་ཚོས་ཏང་གི་བཀའ་དྲིན་དྲན་པ་དང་། སྲོག་ཤིང་ལ་གོང་བཀུར་བྱེད་པ། ཀྲུང་གོ་གུང་ཁྲན་ཏང་གི་འགོ་ཁྲིད་ལ་བརྩི་བཀུར་ཞུ་བ། སྤྱི་ཚོགས་རིང་ལུགས་ཀྱི་ལམ་ལུགས་ལ་བརྩི་བཀུར་ཞུ་བ། དེ་བས་བློ་བརྟན་འགྱུར་མེད་ངང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་དང་། སྤྱི་ཚོགས་བརྟན་ལྷིང་། མེས་རྒྱལ་གཅིག་གྱུར་བཅས་ལ་སྲུང་སྐྱོང་བྱེད་པ། གཟིགས་སྐྱོང་སྲིད་ཇུས་ཡག་པོ་སྤྱོད་པ་དང་། ཤེས་ལྡན་པ་གཅིག་སྡུད་བྱེད་པ། གཉེར་སྐྱོང་ཚད་ལྡན་བྱེད་པ། རྒྱུན་ཆད་མེད་པར་འཕེལ་རྒྱས་དང་སྟོབས་ཆེར་གཏོང་བ། མཐོ་སློབ་སློབ་ཐོན་སློབ་མ་སྔར་ལས་མང་བ་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པའི་ནང་ཞུགས་རྒྱུའི་སྐུལ་ཁྲིད་བྱས་ནས་རང་ཉིད་ཀྱི་ལས་ལ་བརྩོན་པའི་ལག་གཉིས་ལ་བརྟེན་ནས་བདེ་སྐྱིད་ལྡན་པའི་འཚོ་བ་སྐྱེལ་ཐུབ་པའི་རེ་བ་ཡོད་ཅེས་གསུངས་པ་རེད། ཝུའུ་དབྱིང་ཅེས་ལས་ཞུགས་ནི་དམངས་འཚོ་ཆེ་ཤོས་དེ་ཡིན་པ་དང་ལས་གཏོད་ནི་ལས་ཞུགས་ཡག་ཤོས་དེ་ཡིན། ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་དུས་རབས་གསར་པར་སླེབས་པས། མི་ཚང་མར་མི་ཚེའི་འོད་མདངས་འཚེར་བའི་གོ་སྐབས་སྦྱིན་ཡོད། རྒྱ་ཆེའི་མཐོ་སློབ་སློབ་ཐོན་སློབ་མས་བསམ་བློ་བཅིངས་འགྲོལ་གཏོང་བ་དང་། ལས་ཞུགས་ཀྱི་འདུ་ཤེས་བསྒྱུར་བ། ལང་ཚོའི་གསོན་ཤུགས་དང་ལས་ཞུགས་ཀྱི་སྤྲོ་སེམས་རྒྱུན་འཁྱོངས་བྱེད་པ། བསམ་བློ་གཏོང་ཕོད་པ་དང་ལས་གཏོད་བྱེད་ཕོད་པ་བྱེད་པ། ཕ་ཡུལ་དུ་ལོག་ནས་ལས་གཏོད་ཧུར་ཐག་བྱེད་པ། གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཞབས་འདེགས་ཞུ་བ། བོད་འཕེལ་རྒྱས་མྱུར་པོ་དང་ཡུན་རིང་བདེ་འཁོད་ལ་ཞབས་འདེགས་ཞུ་བ་བཅས་བྱས་ནས་མི་ཚེའི་རིན་ཐང་ངོམས་རྒྱུའི་རེ་བ་ཡོད་ཅེས་གསུངས་པ་རེད།

སྔོན་གཏོད་རྒྱལ་ཁབ་གསར་སྤེལ་མ་འཇོག་ཚད་ཡོད་ཀུང་སི་ནི་གྲོང་ཁྱེར་དང་གྲོང་རྡལ་འཛུགས་སྐྲུན་དང་། གྲོང་ཁྱེར་གཉེར་སྐྱོང་། ཡུལ་སྐོར་གསར་སྤེལ། ཁྱད་ལྡན་ཞིང་འབྲོག་ལས་གསར་སྤེལ་བཅས་གཙོ་བོར་འཛིན་པའི་གཞུང་ཁོངས་ཁེ་ལས་ཤིག་ཡིན་པ་དེས་ལས་གཏོད་གསར་གཏོད་ཀྱི་ཀུང་སི་མང་པོ་ཞིག་སྐྱེད་སྲིང་བྱས་པ་དང་ཡུལ་དེའི་སློབ་ཆེན་སློབ་མ་26ལས་ཞུགས་བྱ་རྒྱུའི་ཡིད་དབང་བཀུག་ཡོད། ཝུའུ་དབྱིང་ཅེས་དེ་གར་ཕེབས་ནས་ཚང་མ་དང་བྱམས་བརྩེའི་སྤེལ་རེས་གནང་བ་དང་ཀུང་སིའི་གཉེར་སྐྱོང་གནས་ཚུལ་དང་ལས་བཟོའི་ལས་ཀའི་གནས་ཚུལ་མཁྱེན་རྟོགས་ཞིབ་ཕྲ་གནང་བ་རེད། ཝུའུ་དབྱིང་ཅེས་ཀོང་པོ་རྒྱ་མདའ་རྫོང་གི་ཡུལ་བབ་ལེགས་པ་དང་། ཐོན་ཁུངས་ཕུན་སུམ་ཚོགས་པོ་ཡོད། འཕེལ་རྒྱས་ཀྱི་འདུ་ཤེས་གསར་པ་ལག་བསྟར་དོན་འཁྱོལ་ནན་ཏན་བྱེད་པ་དང་། རྒྱལ་ཁབ་མ་འཇོག་དང་སྤྱི་ཚོགས་མ་འཇོག་གི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། སྲིད་གཞུང་མ་དངུལ་གྱི“གཏོང་སྒོ་ཆུང་ལ་དོན་གོ་ཆོད་པའི”ནུས་པ་འདོན་པ། བོད་སྐྱོར་མ་དངུལ་ཡག་པོ་སྤྱོད་པ། སྤྱི་ཚོགས་ཀྱི་མ་འཇོག་འགུགས་པ། ཡུལ་སྐོར་ལས་རིགས་དང་བོད་ཕག་གསོ་ཚགས་ལས་རིགས་རྒྱ་སྟོབས་ཆེ་རུ་གཏོང་བ། སྤུས་རྟགས་གཏོད་པ་དང་ཁྲོམ་ར་གསར་འབྱེད་བྱེད་པ། ཐོན་ཁུངས་ཀྱི་ལེགས་ཆ་ཐོན་ལས་ཀྱི་ལེགས་ཆ་དང་དཔལ་འབྱོར་གྱི་ལེགས་ཆར་ཧུར་ཐག་འགྱུར་བ་བཅས་བྱེད་དགོས། ཁེ་ལས་ཀྱི་ཐོན་འཕར་སྤུས་ཚད་མཐོར་གཏོང་དང་ཁེ་ལས་ཀྱི་ལས་བཟོའི་ཁེ་ཕོགས་དང་ཐོབ་ཐང་མཐོར་གཏོང་དང་ཞིང་འབྲོག་པའི་འབབ་འཕར་ལ་སྐུལ་འདེད་གཏོང་བའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཁྱད་ལྡན་ལེགས་ཆའི་ཐོན་ལས་སྐྱེད་སྲིང་བྱེད་པ། ལས་གཏོད་ལ་སྐུལ་ཁྲིད་ཧུར་ཐག་དང་ལས་ཞུགས་ལ་སྐུལ་འདེད་ཧུར་ཐག་གཏོང་བ། དབུལ་སྒྲོལ་འགག་སྒྲོལ་དང་གྲོང་གསེབ་དར་རྒྱས་ལ་རམ་འདེགས་བྱེད་པ་བཅས་བྱས་ནས་དཔལ་འབྱོར་ཕན་འབྲས་དང་སྤྱི་ཚོགས་ཕན་འབྲས་གཉིས་ཀ་ཐོན་པ་བྱེད་དགོས་ཞེས་གསུངས་པ་རེད།

རྟོག་ཞིབ་གནང་རིང་། ཝུའུ་དབྱིང་ཅེས་མི་དམངས་ཀྱི་མཛེས་སྡུག་ལྡན་པའི་འཚོ་བའི་རེ་སྨོན་ནི་ང་ཚོའི་འབད་འཐབ་དམིགས་ཚད་ཡིན། ལྗོངས་ཡོངས་ཀྱི་རིམ་ཁག་སྡེ་ཚན་ཁག་གིས“འདུ་ཤེས་བཞི”ཟབ་ཏུ་དང“གདེང་ཚོད་བཞི”བརྟན་དུ་གཏོང་བ་དང་། ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ཀྱི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དང་ཏང་གི་ཚོགས་ཆེན་བཅུ་དགུ་པ་དང་སྐབས་བཅུ་དགུ་པའི་ཀྲུང་ཨུ་ཚང་འཛོམས་གྲོས་ཚོགས་ཐེངས་གཉིས་པ་དང་གསུམ་པའི་དགོངས་དོན་དང་དེ་བཞིན་ཀྲུང་དབྱང་གི་བོད་ཀྱི་ལས་དོན་སྐོར་གྱི་བཞུགས་མོལ་ཚོགས་འདུ་ཐེངས་དྲུག་པའི་དགོངས་དོན་སློབ་སྦྱོང་ལག་བསྟར་གཏིང་ཟབ་བྱེད་པ། སྤྱི་ཁྱབ་ཧྲུའུ་ཅིའི་མཐའ་སྐྱོང་བོད་བརྟན་གྱི་འཐབ་ཇུས་དགོངས་པ་གལ་ཆེན་དང་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་བརྒྱབ་ནས་མཛེས་སྡུག་ལྡན་པའི་བོད་ལྗོངས་བསྐྲུན་པའི་མཛུབ་སྟོན་གལ་ཆེན་དང་དེ་བཞིན་ལྷུན་རྩེ་རྫོང་ཡུལ་སྨད་ཤང་གི་མང་ཚོགས་ལ་སྤྲིངས་གནང་བའི་འཕྲིན་ལན་གྱི་དགོངས་དོན་ལག་བསྟར་དོན་འཁྱོལ་བྱེད་པ། བསམ་བློ་དང་བྱ་སྤྱོད“གཉིས་གཏོད”ལས་དོན་དང་གྲོང་གསེབ་དར་རྒྱས་འཐབ་ཇུས་སྐོར་གྱི་སྤྱི་ཁྱབ་ཧྲུའུ་ཅི་དང་ཏང་ཀྲུང་དབྱང་གི་ཐབས་ཇུས་བཀོད་སྒྲིག་ཐོག་གཅིག་གྱུར་ཏན་ཏིག་ཡོང་བ་བྱེད་པ། མི་དམངས་ལྟེ་བར་འཛིན་པའི་འཕེལ་རྒྱས་བསམ་བློ་མཐའ་འཁྱོངས་བྱེད་པ། མཐོ་སློབ་སློབ་ཐོན་སློབ་མ་སྲིད་གཞུང་དུ་ལས་ཞུགས་དང་ཁྲོམ་རར་ལས་ཞུགས་བྱེད་པའི་དབར་གྱི་འབྲེལ་བ་ཐག་གཅོད་ཡང་དག་བྱེད་པ། ཆག་ཡང་གཏོང་ཐུབ་ན་ཆག་ཡང་གཏོང་བ་དང་། ལྷུག་ཏུ་གཏོང་ཐུབ་ན་ལྷུག་ཏུ་གཏོང་བ། གཟིགས་སྐྱོང་བྱེད་ཐུབ་ན་གཟིགས་སྐྱོང་བྱེད་པའི་རྩ་དོན་གཞིར་བཟུང་ལས་གཏོད་གསར་གཏོད་ལ་སྐུལ་འདེད་གཏོང་བའི་གཟིགས་སྐྱོང་སྲིད་ཇུས་ཇི་མ་ཇི་བཞིན་དོན་འཁྱོལ་བྱེད་པ། ཕྱོགས་ཡོངས་ཀྱི་སྤྱི་པའི་ལས་ཞུགས་ཞབས་ཞུ་མཁོ་འདོན་བྱེད་པ། ཆོད་སེམས་དེ་བས་ཆེ་བ་དང་། བྱ་ཐབས་དེ་བས་ནན་པ། ཞབས་ཞུ་དེ་བས་ལེགས་པ་བཅས་ཀྱི་སྒོ་ནས་དམངས་ཀྱིས་བྱ་གཞག་བསྐྲུན་པ་དང་ཀུན་གྱིས་གསར་གཏོད་བྱེད་པར་སྐུལ་འདེད་གཏོང་བ། དཔལ་འབྱོར་སྤུས་ཚད་མཐོ་པོས་འཕེལ་རྒྱས་དང་ལྗང་མདོག་འཕེལ་རྒྱས་ལ་སྐུལ་འདེད་གཏོང་བ་བཅས་བྱས་ཏེ་གྲོང་གསེབ་དར་རྒྱས་འཐབ་ཇུས་ལ་གསར་གཏོད་ཀྱི་སྒུལ་ཤུགས་ཆེན་པོ་ཞིག་མཁོ་འདོན་བྱེད་དགོས། ཤེས་ལྡན་པའི་དཔུང་ཁག་འཛུགས་སྐྱོང་ལ་ཚད་མཐོའི་མཐོང་ཆེན་བྱས་ཏེ་ཤེས་ལྡན་པར་བརྩི་འཇོག་དང་། ཤེས་ལྡན་པར་གཅེས་འཛིན། ཤེས་ལྡན་པར་སེམས་ཁུར། ཁ་ཐང་བའི་ཤེས་ལྡན་པ་ནང་འདྲེན། ད་ཡོད་ཀྱི་ཤེས་ལྡན་པ་ཡག་པོ་སྤྱོད་པ། ཡུལ་དེའི་ཤེས་ལྡན་པ་གསོ་སྐྱོང་བྱེད་པ་དང་། རིགས་ཁག་གི་ཤེས་ལྡན་པ་ཞིང་འབྲོག་ཁུལ་དུ་རང་གི་འཇོན་ཐང་ངོམས་སུ་བཅུག་ནས་གྲོང་གསེབ་དར་རྒྱས་ཀྱི་འཐབ་ཇུས་ལ་ཤེས་ལྡན་པའི་འདེགས་སྐྱོར་ནུས་ལྡན་མཁོ་འདོན་བྱེད་དགོས། ཡུལ་སྐོར་ལས་རིགས་དེ་ཉིད་སྔོན་ཁྲིད་ཐོན་ལས་ལ་བརྩིས་ནས“གཉིས་གཏོད”ཁེ་ལས་ཀྱིས་ལེགས་ཆ་འདོན་རྒྱུར་ལྕག་སྐུལ་དང་རྒྱབ་སྐྱོར་བྱེད་པ། ཡུལ་སྐོར་ལས་རིགས་འཕེལ་རྒྱས་ནང་ཧུར་ཐག་ཞུགས་པ། ཁྱད་ལྡན་ཡུལ་སྐོར་སྤུས་རྟགས་བཏོད་པ། ཡུལ་སྐོར་ལས་རིགས་ཀྱིས་མི་རིགས་འགྲོ་འོང་དང་། སྤེལ་རེས། མཉམ་འདྲེས་བཅས་ལ་སྐུལ་འདེད་གཏོང་བའི་ནུས་པ་སྔར་ལས་ལྷག་པ་བཏོན་ཏེ་མི་རིགས་མཐུན་སྒྲིལ་ལ་ཤུགས་སྣོན་རྒྱག་དགོས། བསམ་པའི་དཔལ་ཡོན་སྲོལ་གཏོད་དེ་གྲོང་གསེབ་དར་རྒྱས་ཀྱི་ལས་འགན་གལ་ཆེན་ལ་བརྩི་བ་དང་། སྤྱི་ཚོགས་རིང་ལུགས་ཀྱི་ལྟེ་བའི་རིན་ཐང་ལྟ་བ་དར་སྤེལ་གཏོང་བ། མི་རིགས་ཁག་གི་མང་ཚོགས་ལ་རང་སྟོབས་རང་སྤེལ་དང་། དཀའ་སྤྱད་འབད་འཐབ་བྱ་རྒྱུའི་སློབ་གསོ་ཁྲིད་སྟོན་བྱེད་པ། སྐྱོན་བྲལ་ཡ་རབས་ཀྱི་འཚོ་བ་སྐྱེལ་སྟངས་དོན་གཉེར་བྱེད་པ། ཆོས་ལུགས་ལ་དཔྱོད་ཤེས་ཀྱི་ལྟ་སྟངས་འཛིན་པ་བཅས་བྱས་ནས་ཚེ་འདིའི་བདེ་སྐྱིད་ལྡན་པའི་འཚོ་བ་ཡག་པོ་སྐྱེལ་དགོས་པའི་ནན་བཤད་གནང་བ་རེད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།