བོད་ལྗོངས་ཀྱི་སློབ་མ30364ཡིས་མིང་ཐོ་བཀོད་དེ་མཐོ་རྒྱུགས་ལ་ཞུགས་རྒྱུ་རེད།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ6པའི་ཚེས4ཉིན་གྱི་ཕྱི་དྲོ། གསར་འགོད་པས་བོད་རང་སྐྱོང་ལྗོངས་སློབ་གསོའི་རྒྱུགས་སྤྲོད་གླིང་གི་གཞུང་སྒྲུབ་ཁང་ནས་རྒྱུས་ལོན་པ་ལྟར་ན། 2018ལོར། བོད་ལྗོངས་ཀྱི་ལྷ་ས་དང་། ཆབ་མདོ། ལྷོ་ཁ། གཞིས་ཀ་རྩེ། ནག་ཆུ། མངའ་རིས། ཉིང་ཁྲི། ན་གོར་མོ་བཅའ་སྡོད་གཞུང་སྒྲུབ་ཁང་། བོད་ལྗོངས་མི་རིགས་སློབ་ཆེན་བཅས་ནས་བསྡོམས་པས་མཐོ་རྒྱུགས་མིང་འགོད་ས་ཚིགས98བཀོད་སྒྲིག་བྱས་ཡོད་ཅིང་། ལྗོངས་ཡོངས་སུ་བསྡོམས་པས་སློབ་མ30364ཡིས་མིང་ཐོ་བཀོད་དེ་མཐོ་རྒྱུགས་དཀྱུས་མ་དང་ཁ་གཏད་མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་སྡུད་པའི་རྒྱུགས་ལ་ཞུགས་རྒྱུ་རེད།

2018ལོར། བོད་ལྗོངས་ཀྱི་མཐོ་རྒྱུགས་དཀྱུས་མ་དང་ཁ་གཏད་མཐོ་རིམ་ལས་རིགས་སློབ་གྲྭས་སློབ་མ་སྡུད་པའི་རྒྱུགས་ལ་ཞུགས་པའི་སློབ་མའི་ཁྲོད། མཐོ་རྒྱུགས་དཀྱུས་མར་ཞུགས་པའི་སློབ་མ24258ཡོད་པ་དང་། དམག་མི་དང་ཉེན་རྟོག་པའི་རྒྱུགས་ལ་ཞུགས་པའི་སློབ་མ1014ཡོད། འབྲིང་རིམ་ལས་རིགས་སློབ་གྲྭའི་རྒྱུགས་ལ་ཞུགས་པའི་སློབ་མ5092ཡོད། མཐོ་རྒྱུགས་དཀྱུས་མར་ཞུགས་པའི་སློབ་མའི་ཁྲོད། རོང་འབྲོག་པའི་བུ་ཕྲུག18952ཡོད་པ་དང་བསྡུར་ཚད་ཀྱི78.1%ཟིན་ཡོད། རིག་གནས་ལོ་རྒྱུས་རིགས་ཀྱི་རྒྱུགས་ལ་ཞུགས་པའི་སློབ་མ8815ཡོད་པ་དང་བསྡུར་ཚད་ཀྱི36%ཟིན། རང་བྱུང་རིག་པ་དང་བཟོ་སྐྲུན་རིག་པའི་རིགས་ཀྱི་རྒྱུགས་ལ་ཞུགས་པའི་སློབ་མ15443ཡོད་དེ་བསྡུར་ཚད་ཀྱི64%བཅས་ཟིན་ཡོད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།