བོད་ལྗོངས་ཀྱིས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོ་ཚ་ཚ་འུར་འུར་ངང་སྤེལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་རང་སྐྱོང་ལྗོངས་སུ་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་དཔེ་སྟོན་སྒྲོག་འགྲེལ་སྙན་ཞུའི་ཚོགས་འདུ་ཐོག་མ་དེ་ལྷ་སར་འཚོགས་པ་རེད།

སྙན་ཞུ་ཚོགས་འདུའི་ཐོག་རང་སྐྱོང་ལྗོངས་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་སྒྲོག་འགྲེལ་ཚོགས་པའི་ཁོངས་མི། ལྗོངས་ཏང་ཨུད་དྲིལ་བསྒྲགས་པུའི་པུའུ་ཀྲང་གཞོན་པ་ཐང་ཤན་ཝུན་ནས།  སྤྱི་ཁྱབ་ཧྲུའུ་ཅི་ཞི་ཅིན་ཕིང་ནི་ཏང་ཡོངས་ཀྱི་སྲོག་ཤིང་དང་དམག་དཔུང་གི་སྤྱི་ཁྱབ་བཀོད་འདོམས་པ།  མི་དམངས་ཀྱི་གཙོ་འཛིན་བཅས་ཡིན་པ་དང་།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པ་དེ་ནི་ཏང་གིས་ངེས་པར་དུ་ཡུན་རིང་རྒྱུན་འཁྱོངས་བྱེད་རྒྱུ་ཡིན་པས།  ཏང་གི་བཀའ་དྲིན་དྲན་པ་དང་སྲོག་ཤིང་ལ་དགའ་ཞེན་བྱེད་ཅེས་པའི་ནང་དོན་གཙོ་བོ་དང་ཕུན་སུམ་ཚོགས་པའི་སྙིང་དོན།  གལ་ཆེའི་དོན་སྙིང་བཅས་ལ་གསལ་འགྲེལ་གནང་བ་རེད།

ཐེངས་འདིའི་སྒྲོག་འགྲེལ་ནི་རང་སྐྱོང་ལྗོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་ཚོགས་པས་སྤེལ་བའི་དཔེ་སྟོན་སྒྲོག་འགྲེལ་ཐོག་མ་དེ་ཡིན་པ་དང་།  དེའི་ཐོག་ནས་ལྗོངས་ཡོངས་ཀྱི་སྣང་ཆེན་བཞི་དང་དགའ་ཞེན་བཞིའི་མང་ཚོགས་ཀྱི་སློབ་གསོ་ལག་ལེན་བྱེད་སྒོའི་སྒྲོག་འགྲེལ་བྱེད་སྒོ་དངོས་སུ་སྤེལ་འགོ་ཚུགས་པ་མཚོན་གྱི་ཡོད།  སྤྱི་ཟླ5པའི་ཚེས31ཉིན་ནས་བཟུང་རང་སྐྱོང་ལྗོངས་སྒྲོག་འགྲེལ་ཚོགས་པའི་སྒྲོག་འགྲེལ་ཡན་ལག་རུ་ཆུང་བདུན་གྱིས་གྲོང་ཁྱེར( ས་ཁུལ)བདུན་ལ་སྐྱོད་དེ་རེས་འཁོར་དང་པོའི་དཔེ་སྟོན་སྒྲོག་འགྲེལ་བྱེད་འགོ་ཚུགས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།