​ལྷ་ས་གྲོང་ཁྱེར་གྱིས་སྤྱི་ལོ2018ལོའི་སློབ་ཆེན་ཐོན་པའི་སློབ་མ་ལས་མིར་བསྡུ་བའི་དབྱར་དུས་ཀྱི་ཆེད་དོན་འདུ་ཚོགས་གཉེར།

W020180531401077687906.jpg

ཆེད་ལས་ངོ་སྤྲོད་བྱས་པའི་དཔྱད་གཞི་བརྒྱུད། གཞོན་ནུ་མང་པོས་རང་གི་ལས་གནས་འཚོལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ5པའི་ཚེས30ཉིན་གྱི་སྔ་དྲོ།  ལྷ་ས་གྲོང་ཁྱེར་གྱིས་སྤྱི་ལོ2018ལོའི་སློབ་ཆེན་ཐོན་པའི་སློབ་མ་ལས་མིར་བསྡུ་བའི་དབྱར་དུས་ཀྱི་ཆེད་དོན་འདུ་ཚོགས་དེ་ལྷ་ས་གྲོང་ཁྱེར་གྲོང་མིའི་ཞབས་ཞུ་ལྟེ་གནས་ཐང་ཆེན་དུ་གཉེར་བ་རེད།  འདུ་ཚོགས་ཁྲོད་ཁེ་ལས230ཡིས་ལས་གནས4468མཁོ་འདོན་བྱས་ཡོད་པའི་ནང་དོ་དམ་དང་ཇུས་འགོད།  ཚོང་གཉེར།  དངུལ་རྩ།  འཕྲུལ་ཆས།  དྲ་བ།  མི་རྒྱུན་ཐོན་ཁུངས།  འཕྲོད་བསྟེན།  ཨར་ལས་སོགས་ཀྱི་ཆེད་ལས་ཚུད་ཡོད།

W020180531401077810753.jpg

ལས་མི་སྤྱོད་མཁན་ཁེ་ལས་ཀྱིས། ལས་འཚོལ་གཞོན་ནུའི་དོགས་གཞི་སེལ།

ཤེས་རྟོགས་བྱུང་བར་གཞིགས་ན།  ཐེམ་ཁོངས་བོད་ནས་ཡིན་པའི་ལྗོངས་ཕྱི་ནང་གི་སློབ་ཆེན་ཐོན་པའི་སློབ་མ་དང་སྤྱི་ཚོགས་ཐོག་གི་ལས་འགུག་གཞོན་ནུ་སོགས་མི་གྲངས5000ལྷག་ད་ཐེངས་ཀྱི་ལས་མི་བསྡུ་བའི་འདུ་ཚོགས་ནང་ཞུགས་ཡོད་ལ་མི་བསྡུ་མཁན་ཁེ་ལས་ལ་ཡང་ལས་ཀ་འཚོལ་མཁན་གྱི་ངོ་སྤྲོད་མདོར་བསྡུས1500ལྷག་འབྱོར་ཡོད།།

W020180531401077900234.jpg

ཚ་བོར་ལས་གནས་འཚོལ་བའི་ཆེད། བགྲེས་སོང་ངོ་མ་ཕྱག་ལ་ཕེབས།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།