བོད་ལྗོངས་འདམ་གཞུང་སྐབས་གསུམ་པའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་གྱི་མཛད་སྒོའི་འགོ་ཚུགས་པ་རེད།

W020180521423596043433.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཟླ5པའི་ཚེས20 ཉིན། “བོད་ལྗོངས་འདམ་གཞུང་སྐབས་གསུམ་པའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན”དེ་དབུ་མ་ཐང་ཤང་ ནས་མཛད་སྒོའི་འགོ་ཚུགས་པ་རེད།   སྐབས་འདིའི་རིག་གནས་ཡུལ་སྐོར་དུས་ཆེན་ནི“མོ་ནམ་གངས་རིའི་བརྩེ་མདངས་ཁྲོད་ནས།། དབྱར་རྩྭ་དགུན་འབུའི་འགྲུལ་བཞུད་རོལ།།”ཞེས་པ་བརྗོད་དོན་བྱས་ཏེ།  ཟླ6པའི་ཚེས10ཉིན་བར་དུ་འཚོག་རྒྱུ་ཡིན་པ་རེད། བྱ་འགུལ་ཁྲོད། ཡུལ་སྐོར་བས་གངས་རི་མོ་མམ་གྱི་འདབས་རོལ་ནས་སྒར་བཏབ་སྟེ་ས་མཐོའི་སྐར་ཚོམ་ལ་ལྟ་ཐུབ་པར་མ་ཟད། ད་རུང་ས་གནས་དེ་གའི་འབྲོག་པའི་སྣེ་ཁྲིད་འོག“དབྱར་རྩྭ་དགུན་འབུའི་རི་བོའི”སྟེང་འཛེགས་ཏེ་འབུ་བརྐོ་བའི་སྤྲོ་སྣང་དངོས་སུ་མྱོང་རོལ་བྱེད་ཐུབ།

W020180521423596197400.jpg

འགོ་ཚུགས་མཛད་སྒོའི་སྟེང་གི་འབྲོག་པའི་གྱོན་ཆས་དར་སྲོལ་གྱི་ངོམ་སྟོན།

སྐབས་གཉིས་ཀྱི་བརྒྱུད་རིམ་དང་གསོག་འཇོག་བརྒྱུད། ཐེངས་འདིའི་དབྱར་རྩྭ་དགུན་འབུའི་རིག་གནས་ཡུལ་སྐོར་དུས་ཆེན་་གྱིས“སེམས་པ་འབྲོག་ན་ཡོད་ཚེ་གནམ་འོག་ཀྱང་འབྲོག་ཏུ་གཏོང་ཐུབ”ཅེས་པའི་འདུ་ཤེས་རྒྱུན་འཁྱོངས་བྱས་ཏེ། རི་བརྟེན་མཚོ་འགྲམ་གྱི་དམིགས་བསལ་གྱི་ས་གཤིས་ཀྱི་ཁོར་ཡུག་གིས་བཟོས་པའི“བོད་བྱང་ཐང་གི་མུ་ཏིག་ཆེན་པོའི”མཛེས་ལྗོངས་ལ་བརྟེན་ནས།  རྩྭ་ཐང་གི་གླུ་གར་འཁྲབ་སྟོན་བྱས་ཏེ་རྩྭ་ཐང་གི་བུ་ཕྲུག་རྣམས་ཀྱི་སྒེག་ཉམས་དང་དཔའ་སྤོབས་ལ་མྱོང་རོལ་བྱས་ཤིང་། གངས་རི་མོ་ནམ་དུ་སྒར་བརྒྱབ་ནས་མཚན་གྱི་དུས་སུ་གནས་རི་གཞི་བདག་གླེང་བ་དང་། རི་བོར་འཛེག་ནས་དབྱར་རྩྭ་དགུན་འབུ་བཙལ་ཏེ་འབྲོལ་ཁུལ་གྱི་ཕུན་སུམ་ཚོགས་པའི་འཚོ་བར་མྱོང་བ་སོགས་ཀྱི་བྱ་འགུལ་ཆེན་པོ་གསུམ་སྤེལ་ཏེ། ཉམས་སུ་མྱོང་བར་ཕེབས་པའི་ཡུལ་སྐོར་པ་རྣམས་ལ་ཐུན་མིན་གྱི་ཚོར་བ་དང་སྤྲོ་སྣང་སྦྱིན།

W020180521431956339426.jpg

 འབྲོག་པ་སྣེ་ཤན( གཡས)གྱིས་ཡུལ་སྐོར་པར་དབྱར་རྩྭ་དགུན་འབུ་ཇི་ལྟར་བརྐོ་ཚུལ་ཁྲིད་བཞིན་པ། 

W020180521431956559276.jpg

 ད་སོ་མར་བརྐོས་པའི་དབྱར་རྩྭ་དགུན་འབུ།

འདམ་གཞུང་རྫོང་ཨུད་ཀྱི་ཧྲུའུ་ཅི་གཞོན་པ་དང་། རྫོང་དཔོན་འཆི་མེད་ཚེ་རིང་གིས་བཤད་དོན། " གོམ་པ་རྗེས་མར།  འདམ་གཞུང་རྫོང་གིས་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་ཀྱི་ལས་དོན་མུ་མཐུད་དུ་སྟོབས་ཆེར་གཏོང་རྒྱུ་དང་།  ཆུ་ཚན་སྤྲོ་གསེང་གསོལ་མགྲོན་ཁང་སོགས་འཛུགས་སྐྲུན་བྱས་ཏེ་ཁྱད་ཆོས་ལྡན་པའི་མྱོང་རོལ་བྱེད་སྒོ་སྔར་ལས་མང་བ་ཞིག་འདོན་སྤྲོད་བྱས་ཏེ། མཛེས་ལྗོངས་ཁུལ་གྱི་ཡུལ་སྐོར་ཞབས་ཞུའི་ལྟེ་གནས་དང་། སྐྱེ་ཁམས་རླངས་འཁོར་འཇོག་ས། ཡུལ་སྐོར་རྐང་ལམ་དང་། ཡུལ་སྐོར་གསང་སྤྱོད་ཁང་སོགས་ཀྱི་སྒྲིག་བཀོད་མ་ལག་འཛུགས་སྐྲུན་བྱེད་ཤུགས་ཆེ་རུ་བཏང་སྟེ།  མི་དེ་བས་མང་པོ་འདམ་གཞུང་དུ་ཡོང་འདོད་དང་འདུག་འདོད་ཡོད་པར་འཇུག་དགོས”ཞེས་བཤད།

རྒྱུས་ལོན་བྱུང་བ་ལྟར་ན། ཉེ་བའི་ལོ་ཤས་རིང་། འདམ་གཞུང་རྫོང་གིས་ལྷ་ས་གྲོང་ཁྱེར་གྱི་ས་ཁོངས་ཧྲིལ་པོའི་ཡུལ་སྐོར་འཕེལ་རྒྱས་གཏོང་བའི་འཐབ་ཇུས་ཀྱི་འཆར་འགོད་དམིགས་སུ་བཟུང་སྟེ།  འབད་བརྩོན་ཆེན་པོས“ སྔོ་ཞིང་དྭངས་བའི་རི་ཆུ་ནི་གསེར་རི་དངུལ་རི་ཡིན་པའི” འདུ་ཤེས་དེ་ཡུལ་སྐོར་འཕེལ་རྒྱས་ཀྱི་བརྒྱུད་རིམ་ཧྲིལ་པོའི་ནང་དུ་ཁྱབ་པར་བྱས་ཏེ། ཡུལ་སྐོར་ལས་རིགས་ཀྱི་སྐུལ་སྤེལ་གཏོང་ཤུགས་ཆེ་རུ་བཏང་སྟེ་ཕན་འབྲས་དང་ཕྱོགས་སྒྱུར་རིམ་སྤོར་ཇེ་མཐོར་གཏོང་བ་དང་། ནུས་ཤུགས་ཡོད་རྒུས་སྤྱི་ཚོགས་དཔལ་འབྱོར་གྱི་འཐབ་ཇུས་རང་བཞིན་གྱི་ཀ་རྟེན་ཐོན་ལས་དང་ཕྱོགས་བསྡུས་རང་བཞིན་གྱི་ཐོན་ལས་བསྐྲུན་ནས་གྲོང་ཁྱེར་ལྷ་ས་དང་ཐག་ཆེས་ཉེ་བའི་འབྲོག་པའི་འཚོ་བ་ཉམས་ལེན་ཁུལ་གྱི་ཡུལ་སྐོར་སྤུས་རྟགས་ཀྱི་སྐད་གྲགས་ཚད་བཟོས་ཏེ། ཡུལ་སྐོར་ལས་རིགས་ཀྱི་སྤུས་ཚད་མཐོ་བའི་འཕེལ་རྒྱས་དང་། དཔལ་འབྱོར་སྤྱི་ཚོགས་ཀྱི་མགྱོགས་མྱུར་འཕེལ་རྒྱས་སུ་ཕྱིན་པ་དང་། དེ་བཞིན་སྐྱེ་ཁམས་ཕན་འབྲས་དང་དཔལ་འབྱོར་ཕན་འབྲས་ཕན་ཚུན་སྐྱེ་ལྡན་གྱིས་གཅིག་གྱུར་ཡོང་བར་བྱས་ཡོད། །

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།