ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཅིག་ནི་གངས་ལྗོངས་ས་མཐོར་ཡོད་པ་དང་། ཅིག་ཤོས་ནི་ཆིན་ཧོའེ་གཙང་པོའི་ངོགས་སུ་ཡོད་པ་རེད། ཉེ་ཆར། ལྷ་ས་གྲོང་ཁྱེར་གྱིས་གངས་ལྗོངས་རིག་གནས་དང་བོད་ཀྱི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་རྩེ་གྲ་ཁྱེར་ཏེ་ནན་ཅིང་དུ་ཕྱིན་ནས། བོད་ལྗོངས་དང་ལྷ་ས་ཅང་སུའུ་གཉིས་བར་རིག་གནས་སྤེལ་རེས་དང་མཉམ་ལས་གཏིང་ཟབ་ཏུ་གཏང་པ་དང་། བོད་ཀྱི་ཁྱད་ལྡན་རིག་གནས་ཐོན་རྫས་ཀྱི་ཁྲོམ་ར་གཏོད་པའི་འགྲུལ་བཞུད་ཅིག་གནང་པ་རེད།
ཟླ5པའི་ཚེས7ཉིན། ཅང་སུའུ་ཞིང་ཆེན་ནན་ཅིང་གྲོང་ཁྱེར་ཆིན་ཧོའེ་ཆུས་སྒོ་རྙིང་ཤར་གྱི་ལོ་རྒྱུས་རིག་གནས་ཁྲོམ་གཞུང་དུ། བོད་རང་སྐྱོང་ལྗོངས་རིག་གནས་ཐིང་དང་ཅང་སུའུ་ཞིང་ཆེན་གྱི་ལྷ་སར་ཁ་གཏད་རོགས་སྐྱོར་མདུན་ཕྱོགས་བཀོད་འདོམས་པུའུ་སོགས་སྡེ་ཚན་གྱིས་མཉམ་འབྲེལ་ཐོག་གཉེར་བའི“རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཞེས་པའི་བོད་ལྗོངས་དང་ལྷ་སའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་སྤུས་དག་སྐོར་སྐྱོད་འགྲེམས་སྟོན་ནི་དུས་ཡུན་ཉིན་བཞིའི་རིང་གི་བྱེད་སྒོ་མཇུག་སྒྲིལ་པ་རེད།
རིག་གནས་གསར་གཏོད་ཀྱི་སྤུས་དག་ཐོན་རྫས་སྐོར་སྐྱོད་འགྲེམས་སྟོན་ཡུལ་དངོས་སུ་ནན་ཅིང་གི་གྲོང་མིས་འགྲེམས་སྟེགས་མདུན་དུ་རིག་གནས་གསར་གཏོད་ཐོན་རྫས་སྐོར་བཀའ་འདྲི་གནང་བཞིན་པ།
ད་རེས་ཀྱི་སྐོར་སྐྱོད་འགྲེམས་སྟོན་བྱེད་སྒོར་རིག་གནས་གསར་གཏོད་ཉིང་བསྡུས་དང་རོལ་དབྱངས་གླུ་གར། བོད་ཀྱི་རུམ་འཐག འགུལ་རིས་གློག་བརྙན། རྣམ་གྲངས་འོས་སྦྱོར་སོགས་འགྲེམས་ཁང་གཙོ་གྲས་ལྔ་དང་དེ་བཞིན་ཐང་ག་སྐུ་འདྲ་བཅས་ཡན་ལག་འགྲེམས་ཁང་གཉིས་ཡོད་པ་རེད། བྱེད་སྒོ་སྤེལ་ཡུལ་དུ། དེ་མིན་བོད་ཀྱི་དམིགས་བསལ་ཁྱད་ཆོས་ལྡན་པའི་གླུ་གར་འཁྲབ་སྟོན་དང་རྒྱན་གོས་ངོམ་སྟོན། མི་རིགས་ལག་ཤེས་བཟོ་རྩལ་ཐོན་རྫས་འགྲེམས་འཚོང་བཅས་ཡོད་ལ། དེ་དང་དུས་མཚུངས་སུ་ད་དུང་བོད་ཀྱི་རིག་གནས་ཆེད་མཁས་་དང་མངོན་མིན་ཤུལ་བཞག་རིག་གནས་རྒྱུན་འཛིན་པ། བོད་ཀྱི་སྒྱུ་རྩལ་པ་བཅས་གདན་དྲངས་ཏེ་སྤྱི་བའི་རིག་གནས་འཆད་ཁྲིད་བཀོད་སྒྲིག་བྱས་ནས་མི་དེ་བས་མང་པོས་བོད་ལྗོངས་ལ་རྒྱུས་མངའ་དང་བོད་ལྗོངས་ཤེས་རྟོགས་བྱུང་དུ་བཅུག
ད་རེས་ཀྱི་བྱེད་སྒོའི་གཙོ་དོན་གྲས་ཀྱི་གཅིག་ཡིན་པའི་ཆ་ནས། བོད་ཀྱི་རིག་གནས་གསར་གཏོད་ཐོན་རྫས་ཀྱིས་ལོ་རྒྱུས་ཐོག་གཞི་ཁྱོན་ཆེས་ཆེ་ཤོས་ཀྱི་ལྗོངས་ཕྱིའི་འགྲེམས་ཚོང་བྱེད་སྒོ་སྤེལ་བ་རེད། བོད་ཀྱི་རིག་གནས་གསར་གཏོད་ཁེ་ལས50ལྷག་ཙམ་གྱི་རིག་གནས་གསར་གཏོད་རིགས་ཀྱི་ཐོན་རྫས་ཁྱོན་བསྡོམས3000ལྷག་འགྲེམས་སྟོན་ནང་ཞུགས་ཡོད། རིག་གནས་གསར་གཏོད་ཚོང་ཟོག་འགྲེམས་ཚོང་ཚོགས་རར་མི་ཚོགས་ཀྱིས་འཚང་ཁ་རྒྱག་གི་ཡོད་ཅིང་། ལྟ་སྐོར་ལ་ཡོང་མཁན་གྲོང་མི་མང་པོའི་ཡིད་སེམས་བཀུག་ཡོད་པ་རེད།
ཡུལ་དངོས་སུ་ར་ཁུལ་གྱི་སྐེ་དཀྲིས་སོགས་བཟོ་རྩལ་འགྲེམས་སྟོན་གནང་བཞིན་པ།
བྱེད་སྒོ་སྤེལ་ཡུལ་དུ། བྱུ་རུའི་མདོ་འགྲེམས་སྟེགས་ཀྱིས་གྲོང་མིའི་ཡིད་དབང་བཀུག་ཡོད་དེ། ལས་དོན་མི་སྣས་ངོ་སྤྲོད་བྱས་པར་གཞིགས་ན། གྲོང་མི་དེ་དག་ལས་མང་ཆེ་ཤོས་ནི་ལག་ཤེས་ལུག་བལ་གྱི་སྐེ་དཀྲིས་སྐོར་རྒྱུས་ལོན་བྱེད་མཁན་ཡིན་ལ། མང་ཚོགས་ཀྱི་ཡིད་དབང་བཀུག་པའི་ལུག་བལ་སྐེ་དཀྲིས་དེ་དག་གི་རྒྱུ་ཆ་ནི་རྒྱ་མཚོའི་ངོས་ལས་མཐོ་ཚད་སྨི4300ནས5300བར་གྱི་བོད་ལྗོངས་རུ་ཐོག་རྫོང་ནས་ཐོན་པ་ཡིན་ལ། གྲང་ངར་དང་རླུང་ཆེན། སྐམ་གཤིས་སོགས་ཀྱི་ཁོར་ཡུག་གིས་ཐུན་མིན་ལུག་བལ་འདི་བཟོས་པ་རེད་ལ། ཕྲ་ཚད13.53μm རེད། ར་ཁུལ་དེ་རིགས་ནི་འཛམ་གླིང་སྲོག་ཆགས་ཀྱི་ཚི་སྣ་རྒྱུ་ཆའི་ཐོན་ཚད་བསྡོམས་འབོར་གྱི0.2%ཙམ་ལས་ཟིན་ཐུབ་ཀྱི་མེད་ཅིང་། རྒྱལ་སྤྱིའི་ཐོག“ཚི་སྣ་རྡོ་ཕ་ལམ”དང“གསེར་མཉེན་པོ”ཞེས་འབོད་སྲོལ་ཡོད་པ་རེད།
2016ལོར། མུ་ཏིག་དང་ནོར་བུ་ཇུས་འགོད་གཙོ་བོར་གཉེར་མཁན་བྱུ་རུའི་མདོ་ཡིས་བོད་ཀྱི་སྲོལ་རྒྱུན་གཞི་རྒྱུ་སྔོག་བཤེར་བྱེད་འགོ་བརྩམས་ཏེ། བོད་ཀྱི་སྲོལ་རྒྱུན་ལག་ཤེས་ལས་ཚོས་རྒྱག་དང་འཁལ་འཐག་བཟོ་རྩལ་རྒྱུན་འཛིན་དང་ཞིབ་འཇུག་གསར་སྤེལ། བོད་ལྗོངས་རུ་ཐོག་གི་ར་ཁུལ་རྒྱུ་ཆར་བྱས་པའི་ལས་ཤེས་ལུག་བལ་སྐེ་དཀྲིས་ཇུས་འགོད་གནང་པ་ཡིན་ལ། དེའི་དམིགས་ཡུལ་ནི་བོད་ཀྱི་རིག་གནས་ཀྱི་ཉིང་བཅུད་དང་རྒྱལ་སྤྱིའི་མཐོང་རྒྱ་ཕན་ཚུན་མཉམ་འདྲེས་ཡོང་པའི་དུས་མཚུངས་སུ་བོད་ཀྱི་གནའ་བོའི་ལྡེབས་རིས་ནང་གི་གཞི་རྒྱུ་དང་ཚོན་མདངས། དུས་བཞིའི་ཡུལ་ལྗོངས་ཀྱི་ཚོན་མདངས། འོད་དང་གྲིབ་སོགས་དམིགས་བསལ་དུ་བོད་ཀྱི་མཛེས་སྡུག་ལྡན་པའི་བསམ་ཕྱོགས་སུ་བཀོད་པ་རེད།
“བོད་ཀྱི་རླུང་བུའི”ཁུ་ལུའི་རྩེད་ཆས།
སྲོལ་རྒྱུན་གྱི་ལག་ཤེས་ལུག་བལ་སྐེ་དཀྲིས་བྲིན་རྒྱུགས་ཆེ་བ་ཕུད། བོད་ཀྱི་གཞི་རྒྱུ་འདྲེས་པའི་གསར་གཏོད་ཅ་ལག་ཆུང་ཆུང་དེ་རིགས་ཀྱང་བཙོང་ནས་སྟོང་པར་གྱུར། དེའི་ནང་ཆེས་དགའ་བསུ་ཐོབ་པ་ནི་བློ་གྲོས་མེ་ཏོག་གི་འགྲེམས་སྟེགས་སྟེང་གི་ཤིང་བརྐོས་བོད་ཕག་རེད། “ཤིང་ཕག་ཆུང་ཆུང་དེར་བོད་ཀྱི་རིག་གནས་ཀྱི་མཚོན་རྟགས་མང་པོ་འདུས་ཡོད་དེ།ཕྱི་དབྱིབས་ནི་ཉིང་ཁྲིའི་བོད་ཕག་གི་རྣམ་པ་ལྟར་ཇུས་འགོད་བྱས་པ་མ་ཟད་ཆེད་ཁེ་རེ་ཞུ་ཞུས་ཡོད། ཕག་ཕྲུག་གི་ལུས་སྟེང་གི་རི་མོ་དག་ནི་ཐང་གའི་རི་མོའི་འབྲི་ཐབས་ལྟར་ལེགས་འགྲུབ་བྱུང་པ་དང་། འདེམས་སྤྱོད་བྱས་པའི་ཚོན་རྫས་ཡང་ཐང་གའི་འབྲི་སྐབས་བེད་སྤྱོད་གཏོང་པའི་རང་བྱུང་གཏེར་དང་རྩི་ཤིང་གི་ཚོན་རྫས་ཡིན” ཞེས་བློ་གྲོས་མེ་ཏོག་གི་འགན་འཁུར་པས་དེ་ལྟར་ངོ་སྤྲོད་གནང་བྱུང་།
རྒྱུས་ལོན་བྱུང་པ་ལྟར་ན། ཤིང་བརྐོས་བོད་ཕག་གི་མུ་འབྲེལ་ཐོན་རྫས་ནི“གསར་གཏོད་བོད་ལྗོངས”ལས་སྟེགས་ཀྱིས་སྤེལ་བའི“གནད་སྨིན་དབུལ་སྐྱོར་རྣམ་གྲངས་གྲས་ཀྱི་གཅིག”ཡིན་ལ། “གསར་གཏོད་བོད་ལྗོངས”དང་ཉིང་ཁྲི་གྲོང་ཁྱེར་སྲིད་གཞུང་གིས་མཉམ་འབྲེལ་ཐོག་ཐང་གའི་དགེ་རྒན་ཆེན་མོ་བ་གདན་འདྲེན་གནང་ནས་ཞིང་འབྲོག་མང་ཚོགས་དབུལ་པོ་ཁག་གཅིག་ལ་ཐང་ག་བཞེངས་པའི་ལག་རྩལ་སྟབས་བདེ་སྐོར་ཁྲིད་ཅིང་། ལྷན་རྒྱས་ཀྱིས་བཟོས་པའི་ཤིང་བཟོས་བོད་ཕག་གི་བཟོ་རྩལ་ཐོན་རྫས་ནི“གསར་གཏོད་བོད་ལྗོངས”བརྒྱུདབཙོང་པ་དང་། དེ་ལས་ཐོབ་པའི་ཁེ་སྤོགས་ཕྱིར་ཞིང་འབྲོག་མང་ཚོགས་ལ་སྤྲོད་ཀྱི་ཡོད། འདི་ལྟར་བྱས་ཚེ་ཞིང་འབྲོག་མང་ཚོགས་ཁ་ཤས་ཀྱིས་སྔར་ལས་མང་པའི་ལག་རྩལ་ཞིག་སྦྱོང་ཐུབ་པར་གྱུར་ནས་ཚད་ངེས་ཅན་ཐོག་ཁྱིམ་ཚང་གི་ཡོང་འབབ་མང་དུ་སོང་ཡོད་པ་རེད།
“ངས་ལྡེ་མིག་གི་ཨ་ལོང་དང་འགྲུལ་ཆས་ཀྱི་བྱང་བུ་མང་པོ་ཉོས་ཡོད། དེ་ནི་མཛེས་ཆ་དོད་ལ་སྤྱོད་སྒོ་ལྡན་པ་དང་། རིན་གོང་ཡང་བདེ་མོ་ཡིན་པས་གྲོགས་པ་རྣམས་ལ་འཚམ་རྟགས་ཆུང་ཆུང་གི་ཚུལ་དུ་སྟེར་འཆར་ཡོད”ཅེས་གྲོང་མི་སྐུ་ཞབས་ལིའུ་ལགས་ཀྱིས་སེམས་ཞིབ་མོས་རིག་གནས་གསར་གཏོད་ཐོན་རྫས་བདམས་རྗེས་དེ་སྐད་བཤད།
བོད་ལྗོངས་ས་གནས་རིག་གནས་ཕྱིར་གཏོང་གི་མཚམས་སྦྱོར་ཡིན་པའི་ཆ་ནས “རིག་གནས་གསར་གཏོད་ཀྱི་བོད་ལྗོངས”ཞེས་པའི་བོད་ལྗོངས་དང་ལྷ་སའི་རིག་གནས་གསར་གཏོད་ཀྱི་ཐོན་རྫས་སྤུས་དག་སྐོར་སྐྱོད་འགྲེམས་སྟོན་གྱིས་བོད་ཀྱི་རིག་གནས་ཀྱི་གསོན་ཤུགས་མངོན་པར་མཚོན་ཡོད་དེ། ཅིན་ལིན་གྲོང་ཁྱེར་ནང་དང་ཆིན་ཧོའེ་གཙང་པོ་ངོགས་སུ“བོད་ཀྱི་རླུང་བུ”དྲག་པོ་ཡང་ཡང་ལྡང་སོང་། །
རྩོམ་སྒྲིག་པ། ཀླུ་མོ་མཚོ།
བོད་ཀྱི་རིག་གནས་གསར་གཏོད་ཀྱི་སྤུས་དག་ཐོན་རྫས་ཅིན་ལིན་ཆིན་ཧོའེ་གཙང་པོའི་ངོགས་སུ་འགྲེམས་སྟོན་གནང་པ།