​སློབ་ཆེན་སློབ་མས་ནུབ་རྒྱུད་དུ་དང་བླངས་ཞབས་ཞུ་བྱེད་པའི་ད་ལོའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ2018ལོར་སློབ་ཆེན་སློབ་མས་ནུབ་རྒྱུད་དུ་དང་བླངས་ཞབས་ཞུ་བྱེད་པའི་འཆར་གཞི་ཕྱོགས་ཡོངས་ནས་ལག་བསྟར་བྱེད་འགོ་ཚུགས་ཏེ།  སློབ་ཆེན་གྱི་དང་བླངས་ཞབས་ཞུ་བ18300ཡིས་རྨང་གཞིའི་སློབ་གསོ་དང་ཞིང་གསུམ་ཞབས་ཞུ།  སྨན་བཅོས་འཕྲོད་བསྟེན།  གཞི་རིམ་གཞོན་ནུའི་ལས་དོན།  གཞི་རིམ་སྤྱི་ཚོགས་དོ་དམ།  ཤིན་ཅང་ལ་ཞབས་ཞུ།  བོད་ལྗོངས་ལ་ཞབས་ཞུ་བཅས་ཀྱི་ཐད་ནས་དང་བླངས་ཞབས་ཞུ་བྱེད་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།