བོད་ཀྱི་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་འགོ་ཚུགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གསར་འགོད་པས་བོད་རང་སྐྱོང་ལྗོངས་རིག་གནས་ཐིང་རིག་གནས་ཐོན་ལས་ཁྲུའུ་ནས་རྒྱུས་ལོན་པ་ལྟར་ན། ཟླ4བའི་ཚེས20ནས་ཚེས22ཉིན་བར་བོད་ཀྱི་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་སྐབས་བརྒྱད་པ་ལྷ་སར་འཚོགས་པ་རེད། འབྲེལ་ཡོད་ཀྱི་བླང་བྱ་གཞིར་བཟུང་ནས། སྐབས་འདིའི་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་ཐོག“རིམ་པ་མི་འདྲ་བའི་ལྷ་འབྲི་བའི་ལོ་འཁོར་གྱི་བརྩམས་ཆོས་དཔྱད་ཞིབ”དང་། “《ཐང་གའི་ས་གནས་ཀྱི་ཚད་གཞི》ལ་ཆེད་མཁས་པས་ལག་རྩལ་ཞིབ་དཔྱད་ཚོགས་འདུ” “ཐང་གའི་སྒྱུ་རྩལ་འཕེལ་རྒྱས་སྤེལ་རེས་ཀྱི་བགྲོ་གླེང་ཚོགས་འདུ”སོགས་ཀྱི་བྱེད་སྒོ་སྤེལ་བ་རེད།

ཤེས་རྟོགས་བྱུང་བར་གཞིགས་ན། སྐབས་འདིའི་ཐང་གའི་སྒྱུ་རྩལ་དངོས་མང་སྟོན་ཚོགས་ཐོག་ལོ་བཤེར་གྱི་དཔྱད་ཞིབ་བྱ་ཐབས་སྔར་བས་ཚགས་ཚུད་ཡོང་བ་བྱས་ནས་ཞིབ་བཤེར་བྱེད་མི་དགོས་པ་དང་མེད་པར་བཟོ་བའི་ཐོབ་ཐང་གི་འབྲེལ་ཡོད་ཆ་རྐྱེན་འཆར་འགོད་གཏན་འབེབས་བྱས་ཡོད། དེའི་ནང་དོ་དམ་གྱི་གཏན་འབེབས་ཚགས་ཚུད་ཡོང་བ་བྱེད་པའི་དམིགས་ཡུལ་ནི་ལག་རྩལ་འགྲན་བསྡུར་ཆེན་པོ་དང་ལོ་བཤེར་གྱི་ལམ་ལུགས་འཛུགས་རྒྱུ་དང་ཟུང་འབྲེལ་བྱས་ཏེ་རིམ་པ་མི་འདྲ་བའི་ལྷ་འབྲི་བ་གཏན་འཁེལ་དང་། ཞིབ་བཤེར་རྒྱུགས་ལེན། ལྟ་སྐུལ་མཛུབ་ཁྲིད་བཅས་ཀྱི་ཕུགས་འཕེར་གྱི་དོ་དམ་སྒྲིག་གཞི་དངོས་སུ་འཛུགས་རྒྱུ་རེད། དེ་ལས་གཞན། ཞིབ་བཤེར་གཏན་འབེབ་བྱས་པའི་ཕུལ་བྱུང་གི་རི་མོ་དག་རང་སྐྱོང་ལྗོངས་ཀྱི་རིག་གནས་ཅུའུ་དང་ཅང་སུའུ་ཞིང་ཆེན་གྱི་རིག་གནས་ཅུའུ་གཉིས་ཀྱིས་ཟླ5བར་སྤེལ་བའི“མཐོ་སྒང་གི་ལྷ་བཟོ། གནས་མཆོག་གི་ཉིང་བཅུད་དེ། ‘རིག་གནས་ཀྱིས་བོད་ལྗོངས་བསྐྲུན་པ’ཞེས་པའི་བཟོ་རྩལ་མཆོག་གྱུར་གྱི་འགྲེམ་སྤེལ“བྱ་འགུལ་ནང་དུ་ཡང་ཞུགས་རྒྱུ་ཡིན་པར་གཏན་འཁེལ་བྱས་པ་རེད།(དངོས་སྦྱོང་སློབ་མ་སངས་རྒྱས་སྒྲོལ་མས་བསྒྱུར།)

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།