གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་ནུས་ཤུགས་ཡོད་རྒུས་སྲུང་སྐྱོང་བྱས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། འདི་ལོ་ཚུན་གཞིས་རྩེ་གྲོང་ཁྱེར་གྱིས་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་གནས་ཚུལ་ལ་ཆེད་དོན་ཞིབ་བཤེར་བྱས་ནས་ངལ་རྩོལ་འགན་སྲུང་གི་ལྟ་ཞིབ་དང་ཞུ་གཏུག་ཐེར་འདོན་གྱི་གྱོད་གཞི་སྣ་ཚོགས་དུས་ཐོག་ཏུ་ཐག་གཅོད་བྱས་ཏེ་ཞིང་པ་ལས་མིའི་ཁྲིམས་མཐུན་ཁེ་དབང་སྲུང་སྐྱོང་ནུས་ལྡན་བྱས་ཡོད། ཤེས་རྟོགས་བྱུང་བར་གཞིགས་ན། གཞིས་རྩེ་གྲོང་ཁྱེར་མི་སྤྱི་ཅུས་ཀྱིས《གཞིས་རྩེ་གྲོང་ཁྱེར་གྱི“དུས་ཆེན་ཆེན་པོ་གསུམ”རིང་གི་ཞིང་པ་ལས་མིའི་གླ་ཆ་གཏོང་སྤྲོད་གནས་ཚུལ་གྱི་ཆེད་དོན་ཞིབ་བཤེར་གྱི་ལག་བསྟར་ཇུས་གཞི》བཟོས་ནས་ལས་གྲྭའི་འཛུགས་སྐྲུན་ཁྱབ་ཁོངས་དང་ངལ་རྩོལ་མང་འདུས་ཅན་གྱི་ལས་སྣོན་དང་བཟའ་བཏུང་ཞབས་ཞུ་སོགས་ཀྱི་ལས་རིགས་ཀྱིས་གཙོ་བོར་བྱས་ཏེ་གླ་ཆ་ཆད་པའི་གནད་དོན་གྲལ་བཤེར་དང་སེལ་བའི་བྱེད་སྒོ་གཏིང་ཟབ་སྤེལ་ཡོད། བསྡོམས་རྩིས་ལྟར་ན། ཟླ་བ་དང་པོ་ནས་གསུམ་པ་བར་གཞིས་རྩེ་གྲོང་ཁྱེར་གྱིས་ངལ་རྩོལ་འགན་སྲུང་གི་ལྟ་ཞིབ་དང་ཞུ་གཏུག་ཐེར་འདོན་གྱི་གྱོད་གཞི་སྣ་ཚོགས19བདག་སྤྲོད་བྱས་ནས་ཞིང་པ428ལ་ཆད་པའི་གླ་ཆ་སྒོར་ཁྲི1460ལེན་རོགས་བྱས་པ་རེད།   །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།