བོད་རང་སྐྱོང་ལྗོངས་ཀྱིས་རྒྱལ་ཁབ་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་འཛུགས་པར་ཤུགས་རྒྱག་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། རྒྱལ་ཁབ་ཀྱི་ཀྲུའུ་ཞི་ཞི་ཅིན་ཕིང་གིས་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་སྐབས་བཅུ་གསུམ་པའི་གྲོས་ཚོགས་ཐེངས་དང་པོ་མཇུག་སྒྲིལ་པའི་ཚོགས་འདུའི་ཐོག་གསུང་བཤད་གལ་ཆེན་གནང་སྐབས། ཤུགས་ཚད་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་གོ་ཆོད་པ་སྤྱད་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གནང་དགོས་ཞེས་བསྟན་པ་དང་། བོད་ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་བྱེད་པའི་ལས་ཀའི་གཙོ་ཤུགས་དམག་ཡིན་པའི་ཆ་ནས། བོད་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱི་ལས་བྱེད་ལས་བཟོ་པས་གཅིག་རྗེས་གཉིས་མཐུད་ངང་། སྐྱེ་ཁམས་བཅོས་སྐྱོང་ལ་དཀའ་བ་ད་ལྟ་སྤྱད་ན་བསྐལ་བརྒྱར་ཕན་པ་ལྡན་ངེས་ལ། ཀྲུའུ་ཞི་ཞི་ཅིན་ཕིང་གི་གསུང་བཤད་གལ་ཆེན་གྱི་དགོངས་དོན་ནི་ང་ཚོའི་ཏང་དང་རྒྱལ་ཁབ་ཀྱི་བྱ་གཞག་གོང་འཕེལ་བརྒྱུད་རིམ་ཁྲོད་ཀྱི་རྡོ་རིང་ཡིན་ཏེ། སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་མདུན་སྐྱོད་ཀྱི་ཁ་ཕྱོགས་གསལ་སྟོན་དང་རྩ་བའི་གཞི་འཛིན་ས་མཁོ་འདོན་གནང་ཡོད་ཅེས་བསྟན། 2018ལོར། ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ལས་དོན་ནི་ཤུགས་ཚད་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་གོ་ཆོད་པ་སྤྱད་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྱོང་ལ་སྐུལ་འདེད་གནང་རྒྱུ་དང་། ཧུར་ཐག་སྒོས་འཛམ་གླིང་གི་དག་ཞིང་མཐའ་མ་སྲུང་སྐྱོང་ཡག་པོ་བྱས་ཏེ་བོད་ལྗོངས་ཀྱི་གནམ་ནི་དེ་ལས་སྔོ་བ་དང་། རི་བོ་དེ་བས་ལྗང་པ། ཆུ་མོ་དེ་བས་དྭངས་བ། ཁོར་ཡུག་དེ་བས་མཛེས་སྡུག་ལྡན་པར་བསྐྲུན་དགོས་ཞེས་བསྟན།

བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཏང་ཙུའུ་ཡི་ཧྲུའུ་ཅི་ཧུའུ་ཝེ་མེན་གྱིས། རྒྱལ་ཡོངས་ཀྱི་ཚོགས་འདུ་གཉིས་དང་ཀྲུའུ་ཞི་ཞི་ཅིན་ཕིང་གིས་སྐབས་བཅུ་གསུམ་པའི་རྒྱལ་ཡོངས་དམངས་འཐུས་ཚོགས་ཆེན་གྱི་གྲོས་ཚོགས་ཐེངས་དང་པོའི་སྟེང་གནང་པའི་གསུང་བཤད་གལ་ཆེན་གྱི་དགོངས་དོན་དྲིལ་སྒྲོག་དང་ལག་བསྟར་གནང་རྒྱུ་ནི་ལྗོངས་ཡོངས་ཀྱི་ཁོར་ཡུག་སྲུང་སྐྱོང་ཁོངས་གཏོགས་ཀྱིས་དེང་སྐབས་དང་སླད་ཕྱིན་དུས་སྐབས་ཤིག་རིང་གི་ཆབ་སྲིད་ཀྱི་ལས་འགན་ཐོག་མ་དེ་ཡིན་ཞེས་ཟེར་ལ།. ཁོང་གིས“ང་ཚོས་མི་དང་རང་བྱུང་ཁམས་ནི་ཚེ་སྲོག་གཅིག་མཐུན་འདུས་གྲུབ་ཀྱི་ཚན་རིག་དང་མཐུན་པའི་རང་བྱུང་ལྟ་བ་དང་། སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ལས་ལྷག་པའི་ལྗང་མདོག་འཕེལ་རྒྱས་འདུ་ཤེས། སྐྱེ་ཁམས་ཁོར་ཡུག་བཟང་པོ་ནི་ཀུན་ལ་ཕན་པའི་དམངས་འཚོ་བསོད་ནམས་ཀྱི་ཆེས་གཞི་རྩའི་དམངས་འཚོ་ལྟ་བ།  རི་ཀླུང་ནགས་ཞིང་མཚེའུ་རྩྭ་མ་ལག་གཅིག་གྱུར་སྒོས་བཅོས་སྐྱོང་གི་སྤྱི་ཡོངས་ཀྱི་མ་ལག་ལྟ་བ། ཆེས་ནན་ཤོས་ཀྱིས་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལམ་ལུགས་ལག་ལེན་བསྟར་བའི་ཁྲིམས་སྐྱོང་ལྟ་བ། དྭངས་གཙང་མཛེས་སྡུག་གི་འཇིག་རྟེན་འཛུགས་བསྐྲུན་གྱི་སྤྱི་ཕན་གོ་ལ་ཧྲིལ་བོའི་ལྟ་བ་བཅས་དམ་པོར་སྦྲེལ་ནས། མཛེས་སྡུག་ལྡན་པའི་བོད་ལྗོངས་འཛུགས་སྐྱོང་བྱེད་པའི་དོན་དངོས་ལ་གཞི་ཚུགས་པ་དང་། སྲོལ་རྒྱུན་གྱི་དྲིལ་བསྒྲགས་བྱེད་སྟངས་དང་འཕྲིན་དྲའི་སྨྱན་སྦྱོར་གཅིག་གྱུར་གྱིས་འཆར་འགོད་བྱེད་པ། སྲིད་དོན་སྐད་འཕྲིན་དང་པོད་ཕྲན་ཤུགས་ཆེན་སྤེལ་བ། ཁོར་ཡུག་གི་རྨང་གཞིའི་སྒྲིག་བཀོད་སྤྱི་དམངས་ལ་ཁ་ཕྱོགས་པ་སོགས་ཀྱི་བྱེད་སྒོ་སྤེལ་ཐོག  ཏང་གི་ཚོགས་ཆེན་བཅུ་དགུ་པའི་དགོངས་དོན་དྲིལ་བསྒྲགས་དང་ལག་བསྟར་བྱེད་པའི་མཐོ་རླབས་འཕྱུར་རྒྱུ་དང་། ཆབ་སྲིད་ཀྱི་གནས་བབ་མཐོ་རུ་གཏོང་པ།  ཞི་ཅིན་ཕིང་གི་དུས་རབས་གསར་པའི་ཀྲུང་གོའི་ཁྱད་ཆོས་ལྡན་པའི་སྤྱི་ཚོགས་རིང་ལུགས་ཀྱི་དགོངས་པས་བསམ་ཕྱོགས་ལ་དྲག་ཆས་སྤྲས་པ་དང་། ལག་ལེན་ལ་མཛུབ་སྟོན་གནང་པ།  བྱ་བར་སྐུལ་འདེད་གཏོང་དགོས་ཞེས་བརྗོད་བྱུང་།

ཀྲུའུ་ཞི་ཞི་ཅིན་ཕིང་གིས་གསུང་བཤད་ནང“སྔོ་ལྗང་རི་ཀླུང་ནི་གསེར་རི་དངུལ་རི་ཡིན་པའི་འདུ་ཤེས་དེ་མེས་རྒྱལ་གྱི་ས་གཞི་ཆེན་མོའི་ཐོག་སྔར་ལས་གང་ཐུབ་ཅི་ཐུབ་ཀྱི་མངོན་པར་བྱ་དགོས”ཞེས་བཏོན་ཡོད་ཅིང་། དེར་གཞིགས་ནས་བོད་རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་ཏང་ཙུའི་ཧྲུའུ་ཅི་ ཧུའུ་ཝེ་མེན་གྱིས། “ང་ཚོས་ཤུགས་ཚད་སྔར་ལས་ཆེ་བ་དང་བྱེད་ཐབས་སྔར་ལས་གོ་ཆོད་པའི་སྒོ་ནས་སྐྱེ་ཁམས་དཔལ་ཡོན་འཛུགས་སྐྲུན་ལ་སྐུལ་འདེད་གཏོང་རྒྱུ་དང་། གང་མགྱོགས་སྒོས་ལྗང་མདོག་གི་ཐོན་སྐྱེད་བྱེད་སྟངས་དང་འཚོ་བ་སྐྱེལ་སྟངས་ཆགས་རྒྱུ། ནུས་ཤུགས་ཡོད་རྒུ་བཏོན་ནས་ཁོར་ཡུག་གི་གནད་དོན་འབུར་དུ་ཐོན་པ་ཐག་གཅོད་བྱེད་དགོས”ཞེས་བསྟན།

ངོ་སྤྲོད་བྱས་པར་གཞིགས་ན། བོད་ལྗོངས་ཀྱི་སྣོད་བཅུད་ཤེས་དཔལ་འཛུགས་སྐྱོང་ལ་ཕྱོགས་ཡོངས་ནས་སྐུལ་འདེད་གཏོང་ཆེད། ད་ལོར། བོད་ལྗོངས་ཀྱིས་བསྟུད་མར་བོད་ལྗོངས་ཀྱི་གནམ་སྔོན་པོ་ཆུ་གཙང་ས་གཙང་གི་བྱ་སྤྱོད་ཆེན་པོ་གསུམ་ལག་ལེན་བསྟར་རྒྱུ་རེད་ལ། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གི་འབྲེལ་ཡོད་འགན་འཁུར་པས། གནམ་སྔོན་པོའི་རྟིང་གཞི་ཡུན་རིང་སྐྱོང་པ་དང་།བོད་ལྗོངས་ཀྱི་དྭངས་གཙང་ཆུ་བོ་སྲུང་སྐྱོང་བྱེད་པ།  ས་གཙང་བྱ་སྤྱོད་ལ་སྐུལ་འདེད་གཏོང་པ་བཅས་ནི་རང་ལྗོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་རྒྱུན་མཐུད་ངང་འཕེལ་རྒྱས་འགྲོ་བའི་སྔོན་འགྲོའི་ཆ་རྐྱེན་དང་འགན་ལེན་ཡིན་ལ། བསྟུད་མར་བོད་ལྗོངས་ཀྱི་གནམ་སྔོན་པོ་ཆུ་གཙང་ས་གཙང་གི་བྱ་སྤྱོད་ཆེན་པོ་གསུམ་ལག་ལེན་བསྟར་བར་དོན་སྙིང་གལ་ཆེན་ལྡན།

གསར་འགོད་པར་ཤེས་རྟོགས་བྱུང་པ་ལྟར་ན། ལས་ཀ་དེ་ལེགས་པོ་ཡོང་བའི་ཆེད་དུ། 2018ལོར། བོད་ལྗོངས་ཀྱི་ཁོར་ཡུག་སྲུང་སྐྱོང་སྡེ་ཚན་གྱིས་རླུང་ཁམས་ཆེན་པོའི་སྦགས་བཙོག་འགོག་སེལ་ལག་བསྟར་བྱེད་པའི་ཇུས་གཞི་གཏན་འཁེལ་གནང་ཡོད་པ་དང་།  དབྱང་ངན( 03 ) འགོག་བཅོས་ལས་དོན་ལ་སྐུལ་འདེད་གཏོང་རྒྱུ། ཏུན10དང་དེའི་མན་གྱི་རྡོ་སོལ་སྲེག་པའི་ཁྲོ་ཐབ་ཆུང་ངུའི་རིགས་ཁྱོན་ཡོངས་ནས་འདོཪ་རྒྱུ། སྒུལ་སྐྱོད་རླངས་འཁོར་གྱི་སྒུལ་བདེའི་ཁུངས་སྦགས་བཙོག་བཅོས་སྒྲིག་དང་རླངས་འཁོར་རྙིང་པ་མེད་པ་བཟོ་བར་སྐུལ་འདེད་གཏོང་རྒྱུ། ཨར་ལས་རྒྱག་པའི་ས་ཆའི་ཐལ་རྡུལ་ཚོད་འཛིན་བྱེད་ཤུགས་ཆེ་རུ་གཏོང་པ། ཆུའི་སྦགས་བཙོག་འགོག་བཅོས་འཆར་གཞི་དང་རང་སྐྱོང་ལྗོངས་ཀྱི་ལས་ཀའི་ཇུས་གཞི་དོན་འཁྱོལ་ཡོང་རྒྱུ།  རྫོང་རིམ་ཡན་གྱི་གྲོང་ཁྱེར་གྱི་འཐུང་ཆུའི་ཆུ་འགོ་སྲུང་ཁུལ་དབྱེ་འབྱེད་གཏན་འབེབས་ལ་སྐུལ་འདེད་གཏོང་པ། གཅིག་སྡུད་རྣམ་པའི་འཐུང་ཆུའི་ཆུ་ཁོངས་ས་ཁུལ་གྱི་ཁོར་ཡུག་སྲུང་སྐྱོབ་ལ་ཆེད་དོན་གྲལ་བཤེར་བྱ་རྒྱུ། ས་རྒྱུ་སྦགས་བཙོག་གི་གནས་ཚུལ་ཞིབ་བཤེར་སྐུལ་འདེད་མགྱོགས་སུ་གཏོང་པ། ས་རྒྱུའི་སྦགས་བཙོག་བཅོས་སྐྱོང་དང་ཉམས་གསོར་སྐུལ་སྤེལ་གཏོང་པ།  ལྕགས་རིགས་ལྕི་བའི་ལས་རིགས་ཁེ་ལས་གྲལ་བཤེར་ཟངས་དང་ཞ། ཏི་ཚ་སྔོག་འདེམས་གཅིག་སྡུད་ས་ཁོངས་ཀྱི་ཕྱོགས་བསྡུས་བཅོས་སྐྱོང་ཧུར་ཐག་སྒོས་སྤེལ་རྒྱུ་རེད།

ད་ལོར།   བོད་ལྗོངས་ཀྱིས་སྔར་བཞིན་སྣོད་བཅུད་ཁོར་ཡུག་སྲུང་སྐྱོང་དང་ཉམས་གསོའི་ལས་དོན་ལ་མུ་མཐུད་ཤུགས་སྣོན་རྒྱག་རྒྱུ་ཡིན་ལ། འབྲེལ་ཡོད་མྱུར་ཚད་ལྟར། ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་དང་དཔལ་འབྱོར་སྤྱི་ཚོགས་འཕེལ་རྒྱས་ལ་གཅིག་གྱུར་གྱིས་འཆར་འགོད་གནང་སྟེ།  2018ལོའི་ལོ་མཇུག་གོང་ལ། སྐྱེ་ཁམས་སྲུང་སྐྱོང་གི་དམར་ཐིག་དབྱེ་འབྱེད་ལས་དོན་ཁྱོན་ཡོངས་ནས་ལེགས་འགྲུབ་ཡོང་པ་དང་། བོད་ལྗོངས་ཀྱི་སྣོད་བཅུད་བདེ་འཇགས་སྲུང་ཡོལ་སྲུང་སྐྱོང་དང་འཛུགས་སྐྲུན་འཆར་འགོད་བཟོ་སྒྲིག་ལ་སྐུལ་འདེད་གནང་པ།   ལས་འགན་ཁག་རིགས་དབྱེ་ནས་དོན་འཁྱོལ་ཡོང་པར་བརྩོན་ལེན་བྱ་རྒྱུ་དང་། “ཕུབ་ལྗང2018” ཀྱི་ཆེད་དོན་བྱ་སྤྱོད་སྤེལ་ནས་རང་བྱུང་སྲུང་སྐྱོང་ས་ཁུལ་གྱི་ཁྲིམས་འགལ་སྒྲིག་འགལ་གྱི་བྱེད་སྤྱོད་ལ་ཞིབ་བཤེར་ཐག་གཅོད་ནན་མོ་བྱས་ཐོག  སྐྱེ་དངོས་སྣ་མང་ཅན་སྲུང་སྐྱོབ་ལ་ཤུགས་སྣོན་རྒྱག་རྒྱུ་དང་། སྣོད་བཅུད་ཤེས་དཔལ་དཔེ་སྟོན་འཛུགས་སྐྱོང་སྐུལ་འདེད་གནང་རྒྱུ་རེད།

དེ་དང་དུས་མཚུངས་སུ། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་པའི་གནད་དོན་དག་ཐེར་ལེགས་བཅོས་རྒྱུན་མཐུད་དུ་དམ་འཛིན་ལེགས་པོ་བྱེད་དགོས། ཤེས་རྟོགས་བྱུང་བར་གཞིགས་ན། ཀྲུང་དབྱང་གི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ཀྱིས་རང་ལྗོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོང་ལས་དོན་ལ་ཕྱོགས་ཡོངས་ནས་ཞིབ་བཤེར་བྱས་པ་དང་། ཕྱོགས3གྱི་གནད་དོན་ཁག45བཏོན་ཡོད།  ལྗོངས་ཡོངས་ཀྱི་སྐྱེ་ཁམས་ཁོར་ཡུག་སྲུང་སྐྱོབ་ལས་ཀའི་གཙོ་ཤུགས་དམག་ཡིན་པའི་ཆ་ནས། རང་སྐྱོང་ལྗོངས་ཁོར་ཡུག་སྲུང་སྐྱོང་ཐིང་གིས་ཐིང་ཡོངས་ཀྱི་ལས་བྱེད་ལས་བཟོ་ཡོངས་ཀྱི་ཆབ་སྲིད་ཀྱི་གནས་བབ་མཐོ་རུ་བཏང་ནས་སྔོན་ཐོན་ནུས་པ་འདོན་སྤེལ་བྱེད་རྒྱུ་དང་། ལས་འགན་རང་གིས་ཁུར་པ། གཞན་ལ་མི་བརྟེན་པའམ་གཞན་ལ་མི་སྒུག་པ།  མྱུར་དུ་དག་ཐེར་ཡག་པོ་བྱེད་པ་བཅས་ཀྱི་བླང་བྱ་བཏོན་ཡོད། རང་སྐྱོང་ལྗོངས་རིམ་པའི་ཁོར་ཡུག་སྲུང་སྐྱོང་ལྟ་ཞིབ་ལས་དོན་རྩ་འཛུགས་དང་ཡག་པོ་སྤེལ་དགོས་ཤིང་། རང་སྐྱོང་ལྗོངས་རིམ་པ་དེ་གའི་ལྟ་ཞིབ་ཀྱིས་ཕྱོགས་ཡོངས་ལ་ཁེབས་པར་བྱ་བའི་ལས་འགན་ལེགས་འགྲུབ་བྱེད་དགོས་པ། རང་སྐྱོང་ལྗོངས་ཁོར་ཡུག་ལྟ་ཞིབ་གཞུང་དོན་ཁང་གི་ལས་དོན་མི་སྣས་གང་མགྱོགས་སྒོས་སྡེབ་སྒྲིག་ཆ་ཚང་གནང་པ། 2017ལོའི་ཁོར་ཡུག་སྲུང་སྐྱོང་དམིགས་འབེན་ལེགས་གྲུབ་བྱུང་ཚུལ་དང་ཁོར་ཡུག་སྲུང་སྐྱོང་དུས་རབས་སུ་བསྐྱོད་པའི་གྲོས་ཞིབ་བསམ་འཆར་གྱི་གནད་དོན་དག་ཐེར་ལེགས་འགྲུབ་བྱུང་དགོས་འདུག

རྩོམ་སྒྲིག་པ། ཀླུ་མོ་མཚོ།

དཔྱད་མཆན 0 ཡོད།