​ལྷ་ས་གྲོང་ཁྱེར་གྱིས་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་རྒྱུར་སྐུལ་འདེད་བཏང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2018ལོར་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཚོགས་འདུའི་ཐོག་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ2018ལོར་ལྷ་ས་གྲོང་ཁྱེར་འགྲིམ་འགྲུལ་སྐྱེལ་འདྲེན་ལས་དོན་ཀྱི་གཙོ་བོའི་དམིགས་ཚད་ནི་ཀྲུང་དབྱང་གི་མ་འཇོག་སྒོར་དུང་ཕྱུར28.57དོན་འཁྱོལ་ཐུབ་པ་བྱས་ཏེ།  ལྷ་སའི་ཁོངས་ཀྱི་འགྲིམ་འགྲུལ་རྣམ་གྲངས་ཀྱིས་གཏན་འཇགས་རྒྱུ་ནོར་ཐད་མ་དངུལ་སྒོར་དུང་ཕྱུར120གཏོང་ཐུབ་པ་བྱེད་རྒྱུ་དང་།  སྤྱི་ལོ2018ལོའི་ལོ་མཇུག་ཏུ་ལྷ་ས་གྲོང་ཁྱེར་གྱི་གཞུང་ལམ་ཤར་གཏོང་ཐུབ་ཚད་སྤྱི་ལེ4200ཟིན་པ་བྱེད་རྒྱུ།  གྲོང་གསེབ་གཞུང་ལམ་སྤྱི་ལེ300གསར་སྐྲུན་དང་བསྒྱུར་བཟོ་བྱས་ཏེ།  སྤྱི་ལོ2018ལོའི་ལོ་མཇུག་ཏུ་སླེབས་སྐབས་རང་བྱུང་གྲོང་ཚོར་གཞུང་ལམ100%བཟོ་རྒྱུ་དང་ཤར་གཏོང་ཐུབ་ཚད50%ཟིན་པ་བྱེད་རྒྱུ།  ལྷ་ས་གྲོང་ཁྱེར་གྱི་ཆ་རྐྱེན་འཛོམས་པའི་ཤང་གྲོང་རྡལ་དུ་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད100%ཟིན་པ་དང་།  སྒྲིག་ཚུད་གྲོང་ཚོར་འགྲུལ་སྐྱེལ་རླངས་འཁོར་ཤར་གཏོང་ཐུབ་ཚད69.8%ཟིན་པ་བཅས་བྱེད་རྒྱུ་མ་ཟད།  འགྲིམ་འགྲུལ་ལས་རིགས་ཀྱི་གོང་འཕེལ་གསོན་ཤུགས་འདོན་སྤེལ་ལ་སྐུལ་སྤེལ་དང་བསྒྱུར་བཅོས་བཏང་ནས།  གྲོང་ཁྱེར་གྱི་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་འཐུས་སྒོ་ཚང་དུ་གཏོང་བ་དང་།  ལྷ་ས་ནས་ལྷུན་གྲུབ་བར་གྱི་གསར་སྐྲུན་དང་བསྒྱུར་བཟོའི་རྣམ་གྲངས།  ལྷ་ས་གྲོང་ཁྱེར་གྱི་སྐོར་ལམ་ཤར་མའི་བྱང་ཐིག།  གྲོང་ཁྱེར་འཁོར་ལམ་འགྲིམ་འགྲུལ་སོགས་རྣམ་གྲངས་ཀྱི་གྲ་སྒྲིག་དང་འཛུགས་སྐྲུན་ལས་དོན་ལ་སྐུལ་སྤེལ་གང་མགྱོགས་བཏང་ནས།  གྲོང་ཨུད་དང་གྲོང་ཁྱེར་སྲིད་གཞུང་ནས་འཆར་འགོད་བྱས་པའི་གཙོ་གནད་འགྲིམ་འགྲུལ་རྣམ་གྲངས་སྔ་ཙམ་ལས་འགོ་འཛུགས་ཐུབ་པ་བྱེད་རྒྱུར་སྐུལ་འདེད་གཏོང་རྒྱུ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།