བོད་ལྗོངས་བརྟན་ལྷིང་སྲུང་སྐྱོང་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས་ནག་ཆུར་བརྟན་ལྷིང་སྲུང་སྐྱོང་ལས་ཀར་ལྟ་སྐུལ་མཛུབ་ཁྲིད་གནང་བ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་དུས།  བོད་ལྗོངས་ཏང་ཨུད་ཀྱི་རྒྱུན་ལས་ཨུ་ཡོན། རང་སྐྱོང་ལྗོངས་ཀྱི་རྒྱུན་ལས་ཀྲུའུ་ཞི་གཞོན་པ་ཅང་ཇེ་དང་།  རང་སྐྱོང་ལྗོངས་མི་དམངས་འཐུས་ཚོགས་རྒྱུན་ལས་ཨུ་ཡོན་ལྷན་ཁང་གི་ཀྲུའུ་རེན་གཞོན་པ་འོད་ཟེར།  རང་སྐྱོང་ལྗོངས་ཀྱི་ཀྲུའུ་ཞི་གཞོན་པ་འཇམ་དཔལ་བཅས་ཀྱིས་རུ་སྣེ་ཁྲིད་པའི་བརྟན་ལྷིང་སྲུང་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་ཚོགས་ཆུང་གིས།  ནག་ཆུ་ས་ཁུལ་རྫོང11གི་སྤྱི་བདེ་ཞིབ་བཤེར་ས་ཚིགས་དང་དམངས་བདེ་ཉེན་རྟོག་ལས་དོན་ས་ཚིགས།  སྣུམ་སྣོན་ས་ཚིགས།  ལས་ཁུངས་དང་ཚན་པ།  བརྟན་ལྷིང་སྲུང་སྐྱོང་བཀོད་འདོམས་པུའུ།  དགོན་སྡེ།  དགོན་སྡེ་དོ་དམ་ཨུ་ཡོན་ལྷན་ཁང་བཅས་སུ་གཟབ་སྐྱོད་བྱས་ནས་བརྟན་ལྷིང་སྲུང་སྐྱོང་གི་ལྟ་སྐུལ་མཛུབ་ཁྲིད་ལས་དོན་སྤེལ་བ་མ་ཟད།  ཚོགས་འདུ་འཚོགས་པ་དང་བརྙན་ལམ་བཀོད་གཏོང་བྱེད་པ།  མངོན་བཤེར་ལྐོག་ཞིབ་བྱེད་པ་སོགས་ཀྱི་བྱ་ཐབས་བརྒྱུད།  རྫོང་དང་ཤང་ཁག་གི་བརྟན་ལྷིང་སྲུང་སྐྱོང་བདེ་སྲུང་ལས་ཀར་ཞིབ་བཤེར་དང་ལྟ་སྐུལ་མཛུབ་ཁྲིད་གནང་བ་རེད།  

ཅང་ཇེ་ཡིས་ས་ཁུལ་དེ་ཡོངས་ཀྱི་གོང་འོག་ཚང་མས་བརྟན་ལྷིང་སྲུང་སྐྱོང་གི་བྱ་ཐབས་ལ་ཞིབ་འཇུག་གཏིང་ཟབ་བྱས་ཏེ་ལས་ཀའི་འགན་འཁྲི་གཟབ་ཏུ་གཏོང་བ་དང་།  སྒྲིག་ཁྲིམས་ནན་དུ་བཏང་ནས་ལྷོད་གཡེང་གི་བསམ་པ་ཁྱད་བསད་མཐའ་གཅིག་ཏུ་བྱེད་དགོས་པ།  རྒྱ་ཆེའི་མང་ཚོགས་ཚོས་ཕན་པ་གང་དུ་ཡོད་པ་དང་ཕན་པ་གང་ནས་བྱུང་མིན་ཤེས་རྟོགས་ཐུབ་པ་བྱེད་དགོས་པ།  ཏང་གི་བཀའ་དྲིན་འཚོར་བ་བྱས་ནས་རང་རྟོགས་ངང་སྤྱི་ཁྱབ་ཧུའུ་ཅི་ཞི་ཅིན་ཕིང་གིས་ཏང་ཡོངས་ནང་བཟུང་བའི་སྲོག་ཤིང་གནས་བབ་ལ་སྲུང་བརྩི་ཞུ་དགོས་པ།  རྒྱ་ཆེའི་གྲྭ་བཙུན་ཚོས་རྒྱལ་ཁབ་དང་ཆོས་ལུགས།  གཙོ་འཛིན།  སྲོག་ཤིང་བཅས་ལ་དགའ་ཞེན་བྱས་ནས།  དུས་རབས་གསར་པའི་ཁྲིམས་སྲུང་གི་སྤྱི་དམངས་ཡག་པོ་ཞིག་བྱེད་རྒྱུར་སློབ་གསོ་ཁྲིད་སྟོན་བྱེད་དགོས་པ་བཅས་ཀྱི་ནན་བཤད་གནང་བ་རེད།   ། 

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།