བོད་ལྗོངས་ཀྱིས་གསུམ་བརྒྱད་བུད་མེད་དུས་ཆེན་ལ་དྲན་གསོ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་འཚོགས།

W020180308586585636835.jpg

ལྷག་པ་སྒྲོལ་དཀར་སོགས་བློ་མཐུན9བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་བཟང་པར་བདམས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ཟླ3པའི་ཚེས7ཉིན་གྱི་ཕྱི་དྲོ།  བུད་མེད་ཀྱི་བློ་ཁ་ཏང་ལ་ཕྱོགས་ནས་དུས་རབས་གསར་པར་བྱས་རྗེས་འཇོག་ཞེས་བརྗོད་དོན་གཙོ་བོར་བྱས་པའི་གསུམ་བརྒྱད་རྒྱལ་སྤྱིའི་བུད་མེད་དུས་ཆེན་བཙུགས་ནས་ལོ་ངོ108འཁོར་བར་དྲན་གསོ་ཞུ་བའི་གཟེངས་བསྟོད་ཚོགས་ཆེན་ལྷ་སར་འཚོགས་པ་དང་།  ཚོགས་འདུའི་ཐོག་ལྷག་པ་སྒྲོལ་དཀར་སོགས་བློ་མཐུན9བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བའི་དཔེ་བཟང་པར་བདམས་པ་དང་།  ཡུང་ཁྲུན་སོགས་བློ་མཐུན24བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བར་བདམས་པ།  བོད་རང་སྐྱོང་ལྗོངས་ཞིང་ལས་ལག་རྩལ་ཁྱབ་གདལ་ཞབས་ཞུ་ལྟེ་གནས་སོགས་ལས་ཁུངས19བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་མཉམ་སྡེབ་ལ་བདམས་ཡོད།

W020180308586585735059.jpg

ཡུང་ཁྲུན་སོགས་བློ་མཐུན24བོད་རང་སྐྱོང་ལྗོངས་ཀྱི་གསུམ་བརྒྱད་དར་དམར་བར་བདམས་པ།

ཚོགས་འདུའི་ཐོག་གཟེངས་བསྟོད་ཐོབ་པའི་སྔོན་ཐོན་པ་དང་སྔོན་ཐོན་མཉམ་སྡེབ་ལ་སྤྲོ་སེམས་འཁོལ་པོས་རྟེན་འབྲེལ་ཞུས་གནང་བ་དང་།  ལྗོངས་ཡོངས་ཀྱི་མི་རིགས་ཁག་དང་ལས་རིགས་ཁག་གི་བུད་མེད་དང་རྒྱ་ཆེའི་བུད་མེད་ལས་དོན་པར་དུས་ཆེན་གྱི་འཚམ་འདྲི་དང་སྨོན་འདུན་ཞུས་གནང་བ་དང་སྦྲགས།  ལྗོངས་ཡོངས་ཀྱི་རྒྱ་ཆེའི་བུད་མེད་ནས་བློ་མཐུན་ཞི་ཅིན་ཕིང་གིས་སྲོག་ཤིང་གནང་བའི་ཏང་ཀྲུང་དབྱང་གི་ཞུམ་མེད་དབུ་ཁྲིད་འོག་ལྗོངས་ཏང་ཨུད་ཀྱི་མཛད་ཇུས་བཀོད་སྒྲིག་ལག་བསྟར་དོན་འཁྱོལ་མཐའ་གཅིག་ཏུ་བྱེད་པ་དང་།  ཕྱོགས་ཡོངས་ནས་འབྱོར་འབྲིང་སྤྱི་ཚོགས་སྐྲུན་པ་དང་སྤྱི་ཚོགས་རིང་ལུགས་དེང་རབས་ཅན་གྱི་བོད་ལྗོངས་འཛུགས་སྐྲུན་བྱེད་མགྱོགས་སུ་གཏོང་བའི་བརྗིད་ཆེའི་ལག་ལེན་ནང་ཧུར་ཐག་ཞུགས་ཏེ།  གྲུབ་འབྲས་གསར་པ་གཏོད་པ་དང་བྱས་རྗེས་གསར་པ་འཇོག་དགོས་པའི་ནན་བཤད་ཀྱང་གནང་བ་རེད།

W020180308586585843141.jpg

གསུམ་བརྒྱད་དར་དམར་བའི་དཔེ་བཟང་པ་ཚེ་རིང་གཡང་ལྷ་ཡིས་གཏམ་བཤད་སྤེལ་བ།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།