ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཡུལ་སྐོར་གོང་འཕེལ་ཤུགས་ཆེ་བཏང་བས་ཡུལ་སྐོར་དམངས་ཕྱུག་ལ་སྐུལ་འདེད་ནུས་ལྡན་ཐེབས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། སྤྱི་ལོ2017ལོའི་ཚུན་དུ།  ཉིང་ཁྲི་གྲོང་ཁྱེར་གྱིས་གྲོང་གསེབ་ཡུལ་སྐོར་གོང་འཕེལ་ཤུགས་ཆེ་བཏང་བས་ཡུལ་སྐོར་དམངས་ཕྱུག་ལ་སྐུལ་འདེད་ནུས་ལྡན་ཐེབས་ཡོད།  ཤེས་རྟོགས་བྱས་པར་གཞིགས་ན།  ན་ནིང་ལོ་མཇུག་བར་གྲོང་ཁྱེར་དེ་ཡོངས་སུ་ཞིང་འབྲོག་པའི་ཁྱིམ་ཚང་མགྲོན་ཁང570ཡོད།  ན་ནིང་གྲོང་ཁྱེར་དེ་ཡོངས་ཀྱི་ཁྱིམ་ཚང་མགྲོན་ཁང་གིས་ཡུལ་སྐོར་བ་མི་ཐེངས་ཁྲི་ཚོ42ལྷག་ཙམ་ལ་སྣེ་ལེན་ཞུས་པར་ཡུལ་སྐོར་ཡོང་འབབ་སྒོར་ཁྲི་ཚོ6000ཙམ་བྱུང་ཡོད། །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།