​ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་སོགས་ཀྱི་གཟེངས་སྟོད་ཚོགས་ཆེན་འཚོགས་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉིན་ཤས་གོང་།  ལྷ་ས་གྲོང་ཁྱེར་གྱིས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ལ་གཟེངས་སྟོད་དང་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གཏོད་པའི་བྱེད་སྒོའི་ཕྱོགས་བསྡོམས་གཟེངས་སྟོད་ཚོགས་ཆེན་ལྷ་ས་གྲོང་ཁྱེར་སྲིད་གཞུང་གི་གྲོས་ཚོགས་ལྟེ་གནས་སུ་འཚོགས་པ་རེད།

ལྷ་ས་གྲོང་ཁྱེར་གྱིས་ལས་ཁུངས66དང་བློ་མཐུན70། ཁྱིམ་ཚང10བཅས་ལ་ཁག་སོ་སོར་ལྷ་ས་གྲོང་ཁྱེར་གྱི་སྤྱི་ལོ2017ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་མཉམ་སྡེབ་དང་།  ལྷ་ས་གྲོང་ཁྱེར་གྱི་སྤྱི་ལོ2017ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་བ།  ལྷ་ས་གྲོང་ཁྱེར་གྱི་སྤྱི་ལོ2017ལོའི་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་བཟང་ཁྱིམ་ཚང་བཅས་ཀྱི་གཟི་བརྗིད་མཚན་སྙན་སྤྲད་པ་དང་།  ལས་ཁུངས20དང་བློ་མཐུན40ལ་ཁག་སོ་སོར་ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་གྱི་དཔེ་སྟོན་གྲོང་ཁྱེར་གཏོད་པའི་བྱེད་སྒོའི་སྔོན་ཐོན་མཉམ་སྡེབ་དང་།  ལྷ་ས་གྲོང་ཁྱེར་གྱི་རྒྱལ་ཡོངས་མི་རིགས་མཐུན་སྒྲིལ་ཡར་ཐོན་དཔེ་སྟོན་གྲོང་ཁྱེར་གཏོད་པའི་བྱེད་སྒོའི་སྔོན་ཐོན་པའི་གཟི་བརྗིད་མཚན་སྙན་སྤྲད་པ་མ་ཟད།  ལས་ཁུངས ༥༠ ལྷ་ས་གྲོང་ཁྱེར་གྱི་མི་རིགས་མཐུན་སྒྲིལ་ཡར་ཐོན་གཏོད་པའི་བྱེད་སྒོའི་དཔེ་སྟོན་ལས་ཁུངས་ལ་གཏན་འཁེལ་བྱས་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།