ན་ནིང་གཞིས་རྩེའི་དངུལ་རྩའི་ཚན་པ་ཁག་གི་དངུལ་བུན་ལྷག་གྲངས་དང་བཏང་ཚད་དམིགས་ཚད་ལས་འགན་ལས་བརྒལ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། གཞིས་རྩེ་གྲོང་ཁྱེར་སྲིད་གཞུང་གཞུང་ལས་ཁང་གི་དངུལ་རྩ་གཞུང་ལས་ཁང་ནས་ཤེས་རྟོགས་བྱས་པར་གཞིགས་ན།  སྤྱི་ལོ༢༠༡༧ལོར་གཞིས་རྩེ་གྲོང་ཁྱེར་དངུལ་རྩའི་ཚན་པ་ཁག་གི་དངུལ་བུན་ལྷག་གྲངས་སྒོར་དུང་ཕྱུར201.83ཟིན་པ་དེ་ན་ནིང་ལོ་མགོ་ལས་སྒོར་དུང་ཕྱུར53.9འཕར་བ་དང་།  དངུལ་བུན་སྒོར་དུང་ཕྱུར129.7བཏང་བ་དེ་དུས་མཚུངས་པ་ལས་སྒོར་དུང་ཕྱུར34.86མང་བ་བཏང་སྟེ་དམིགས་ཚད་ལས་འགན་ཁག་ལས་བརྒལ་ཏེ་ལེགས་སྒྲུབ་བྱས་པ་དང་ཆབས་ཅིག  ན་ནིང་བཅོལ་དངུལ་ལྷག་གྲངས་སྒོར་དུང་ཕྱུར630.14ཟིན་པ་དེ་ན་ནིང་ལོ་མགོ་དང་བསྡུར་དང་སྒོར་དུང་ཕྱུར107.1འཕར་ཡོད།  །


རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།