​ལྷ་ས་གྲོང་ཁྱེར་དུ་དེང་རབས་ཅན་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་མ་ལག་རིམ་བཞིན་ཆགས་ཡོད།

W020180118444317604257.jpg

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ཉེ་བའི་ལོ་འདི་དག་ནི་ལྷ་ས་གྲོང་ཁྱེར་གྱི་འགྲིམ་འགྲུལ་སྐྱེལ་འདྲེན་རྨང་གཞིའི་སྒྲིག་བཀོད་འཛུགས་སྐྲུན་བྱེད་མགྱོགས་ཤོས་དང་མང་ཤོས།  ཕན་འབྲས་ཐོན་ཆེ་ཤོས་ཀྱི་དུས་སྐབས་ཤིག་ཡིན།  གྲོང་ཁྱེར་དང་གྲོང་གསེབ་ཀུན་དུ་ཁྱབ་པ་དང་སྟབས་བདེ་ལ་ལས་ཆོད་མཐོ་བའི་གཞུང་ལམ་འགྲིམ་འགྲུལ་གྱི་དྲ་རྒྱ་ཞིག་དང་།  བཀོད་པ་ལུགས་མཐུན།  གོ་རིམ་གསལ་བ།  བྱེད་ནུས་ཆ་ཚང་བའི་དེང་རབས་ཅན་གྱི་འགྲིམ་འགྲུལ་མ་ལག་ཅིག་ཆགས་དང་ཆགས་བཞིན་ཡོད་པས།  མཐུན་སྒྲིལ་དང་། མཛེས་སྡུག བདེ་ཐང་། བདེ་སྐྱིད་ལྡན་པའི་ལྷ་ས་གསར་པ་འཛུགས་སྐྲུན་བྱེད་པ་དང་གྲོང་ཁྱེར་ཡོངས་ཀྱི་དཔལ་འབྱོར་དང་སྤྱི་ཚོགས་འཕེལ་རྒྱས་ལ་འདེགས་སྐྱོར་དང་འགན་སྲུང་ནུས་ལྡན་ཐུབ་ཡོད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།