ཉིང་ཁྲི་གྲོང་ཁྱེར་གྱི་གནད་སྨིན་དབུལ་སྐྱོར་ཁྱབ་ཁོངས་ཀྱི་དངུལ་བུན་ལ་ཚད་བརྒལ་གསར་པ་བྱུང་བ།

res04_attpic_brief.jpg

འདི་ནི་ཉིང་ཁྲི་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིའི་ལས་དོན་མི་སྣས་དངུལ་རྩའི་དབུལ་སྐྱོར་སྲིད་ཇུས་སྐོར་སྤེལ་རེས་བྱེད་པའི་གནས་ཚུལ་ཡིན་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། 2017ལོར། ཉིང་ཁྲི་གྲོང་ཁྱེར་དངུལ་རྩའི་སྒྲིག་གཞིས་གནད་སྨིན་དབུལ་སྐྱོར་ཐད་ཀྱི་དངུལ་རྩའི་སྲིད་ཇུས་དང་བྱེད་ཐབས་དོན་འཁྱོལ་བྱེད་ཤུགས་མུ་མཐུད་ཆེ་རུ་བཏང་བས་དངུལ་རྩའི་སྒྲིག་གཞིས“དངུལ་བུན་གཏོང་དགོས་པ་ཚང་མར་བཏང་ནས”གནས་སྤོས་དབུལ་སྐྱོར་དང་། དུད་ཚང་དུ་བསྐྱོད་དེ་དབུལ་སྐྱོར། ཐོན་ལས་དབུལ་སྐྱོར་བཅས་མཉམ་དུ་ལག་བསྟར་དང་མཉམ་དུ་འཕེལ་རྒྱས་གཏོང་བའི་རྣམ་པ་བཟང་པོ་ཆགས་ཡོད་པ་དང་། བསྡོམས་རྩིས་བརྒྱབ་པར་གཞིགས་ན། 2017ལོའི་ཟླ་དང་པོ་ནས་བཅུ་པའི་བར། ཉིང་ཁྲི་གྲོང་ཁྱེར་གྱི་གནད་སྨིན་དབུལ་སྐྱོར་ཁྱབ་ཁོངས་སུ་རིམ་རྩིས་བརྒྱབ་ན་དངུལ་བུན་སྒོར་དུང་ཕྱུར29བཏང་ནས་ལྷག་གྲངས་སྒོར་དུང་ཕྱུར50.58ཟིན་པ་དེ་ལོ་སྟོད་དང་བསྡུར་ན་སྒོར་དུང་ཕྱུར་7.58འཕར་ནས་འཕར་ཚད18%ཟིན་ཡོད་པ་རེད།

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།