​ད་བར་བོད་ལྗོངས་ཀྱི་དཔེ་རྙིང་ཁག217རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་ནང་ཚུད་པ།

ཀྲུང་གོ་བོད་ཀྱི་དྲ་བའི་འཕྲིན། ད་བར་བོད་ལྗོངས་ནས་ཆབ་མདོ་གྲོང་ཁྱེར་གྱི་བརྒྱ་ཆ་ལྔ་བཅུའི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ལས་དོན་ལེགས་སྒྲུབ་བྱས་པ་དང་།  ལྷ་ས་དང་ལྷོ་ཁ།  གཞིས་རྩེ་བཅས་ནས་ཚང་བཤེར་ཆད་གསབ་ཀྱི་ལས་དོན་ཁག་སྤྱིར་ན་ལེགས་སྒྲུབ་བྱས་ཟིན་ཡོད།  ནག་ཆུ་དང་མངའ་རིས།  ཉིང་ཁྲི་བཅས་ཀྱི་དཔེ་རྙིང་ཡོངས་ཁྱབ་ཞིབ་བཤེར་ཐོ་འགོད་ལས་དོན་ཁྱོན་ཡོངས་ནས་ལེགས་སྒྲུབ་བྱུང་པ་རེད།  ངོ་སྤྲོད་བྱས་པར་གཞིགས་ན།  རང་ལྗོངས་ཀྱིས་སྤྱི་ལོ2007ལོར་ཁག་དང་པོའི་རྒྱལ་ཁབ་ཀྱི་རྩ་ཆེའི་དཔེ་རྙིང་མིང་གཞུང་རེ་ཞུའི་ལས་དོན་འགོ་བཙུགས་པ་ནས་ད་བར་རྒྱལ་ཁབ་ཀྱིས་ཁག་ལྔའི་རྒྱལ་ཁབ་རྩ་ཆེའི་དཔེ་རྙིང་མིང་གཞུང་ཡོངས་བསྒྲགས་བྱས་ཟིན་པའི་ནང་།  བོད་ལྗོངས་ཀྱི་རྩ་ཆེའི་དཔེ་རྙིང་ཁག217མིང་གཞུང་ནང་ཚུད་པ་རེད།  །

རྩོམ་སྒྲིག་པ། མཁའ་མཚོ་སྐྱིད།

དཔྱད་མཆན 0 ཡོད།